ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་12ཚེས་4ཉིན་གྱི་ཉིན་གུང་པེ་ཅིང་དུ་ཧྥ་རན་སེའི་སྲིད་འཛིན་མཱ་ཁེ་ལུང་དང་ལྷན་དུ་ཀྲུང་གོ་དང་ཧྥ་རན་སེའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་དུས་འཁོར་གསར་པ་འགོ་བརྩམས་པའི་ལོ་ཡིན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་ལྡེམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར། ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་687.5ཟིན་པ་དང་། ཕྱོགས་གཉིས་མ་འཇོག་གྲངས་འབོར་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་270ལས་བརྒལ་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་དགོས་པ་དང་། གོ་སྐབས་དམ་འཛིན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社