分享按钮

ཁྲེང་ཀོན་ཆུས་ཀྱི་དགུན་དུས་ཀྱི་སྐྱིད་པའི་ཁྲེང་ཀོན་གྱིས་འཚོ་བར་ཁེ་ཕན་སྐྲུན་ཞེས་པའི་ཚོང་འདུས་ལ་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བ།

པར་འདི་ནི་གྲོང་མིས་ཚོང་འདུས་ཐོག་དངོས་ཟོག་འདེམས་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་གཉེར་འགན་འཁུར་བའི་ཁྲེང་ཀོན་ཆུས་ཀྱི་དགུན་དུས་ཀྱི་སྐྱིད་པའི་ཁྲེང་ཀོན་གྱིས་འཚོ་བར་ཁེ་ཕན་སྐྲུན་ཞེས་པའི་ཚོང་འདུས་དེ་གྲོང་བྱང་གནམ་ས་གསར་པའི་ཟོག་ཉོའི་ལྟེ་གནས་ཀྱི་ཐང་ཆེན་དུ་འགོ་ཚུགས་ཡོད། དུས་ཡུན་ཉིན་5ཡི་འགྲེམས་ཚོང་བྱེད་སྒོའི་ནང་ལྗོངས་ཕྱི་ནང་གི་སྤུས་ལེགས་ཚོང་ཟོག་དང་། རླངས་འཁོར་འགྲེམས་ཚོང་། དེ་བཞིན་གཉེན་ཉེའི་མཉམ་འགུལ་རྣམ་གྲངས་བཅས་གཅིག་སྡུད་བྱས་ཏེ།དམངས་ཕན་གྱི་སྲིད་ཇུས་མང་པོར་བརྟེན་ནས།དགུན་དུས་ཀྱི་འཛད་སྤྱོད་ཚ་རླབས་ཤིག་འཕྱུར་བར་བྱས་ནས་གྲོང་མིར་གཅིག་འཐུས་རྣམ་པའི་ཟོག་ཉོའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

ད་ཐེངས་ཀྱི་ཚོང་འདུས་ཐོག་རླངས་འཁོར་འགྲེམས་གནས་16དང་འགྲེམས་ཚོང་འགྲེམས་གནས་60བཀོད་སྒྲིག་བྱས་ཡོད་ཅིང་།བོད་རང་སྐྱོང་ལྗོངས་ཀྱི་མཁོ་ཚོང་ཚོང་འདུས་ཆེན་མོའི་འཛད་སྤྱོད་རོགས་སྐྱོར་གྱི་བྲིན་སྐུལ་བྱེད་སྒོ་རབ་དང་རིམ་པ་དང་། རླངས་འཁོར། ཞིང་འབྲོག་པའི་ཞིང་ཞོར་ཐོན་རྫས་སོགས་གཙོ་གནད་འཛད་སྤྱོད་ཁྱབ་ཁོངས་ལ་དམིགས་ནས་སྲིད་ཇུས་ཀྱི་སྐུལ་ལྕག་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212953.html 1 ཁྲེང་ཀོན་ཆུས་ཀྱི་དགུན་དུས་ཀྱི་སྐྱིད་པའི་ཁྲེང་ཀོན་གྱིས་འཚོ་བར་ཁེ་ཕན་སྐྲུན་ཞེས་པའི་ཚོང་འདུས་ལ་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བ། /enpproperty-->