ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་5ཚེས་8ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་འདི་ཉིད་བོད་ལྗོངས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ལག་རྐང་ཡ་མ་གཟུགས་སྨན་བཅོས་བྱེད་པའི་དམིགས་འཛུགས་སྨན་ཁང་དང་པོར་དངོས་སུ་གྱུར་ཡོད་ཅིང་། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་སྨན་བཅོས་བྱེད་སྒོ་ཐེངས་གཉིས་པ་སྤེལ་འགོ་ཚུགས་ཤིང་། པེ་ཅིང་དང་ལྷ་ས་ས་གནས་གཉིས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ལྷ་སར་འཛོམས་ནས་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་བྱིས་པའི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱས་ཏེ། ས་གནས་གཉིས་ཀྱི་སྨན་བཅོས་མཉམ་ལས་རོགས་སྐྱོར་བྱ་ཐབས་གཏིང་ཟབ་ཏུ་བཏང་བ་རེད།
འགོ་ཚུགས་མཛད་སྒོའི་ཐོག ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འགན་འཁུར་བས་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་པའི་རིགས་གཅིག་མཁས་ཅན་ཚོགས་པས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社