ཚན་རིག་རྟོག་ཞིབ་རུ་མིས་མཚོ་བོད་ས་མཐོའི་རི་སྐྱེས་མེ་ཏོག་ལ་པར་རྒྱག་ཐེངས་གཅིག་ལ་སྐྱེ་དངོས་དབྱེ་འབྱེད་དང་། གནས་ཚད་ཟིན་ཐོར་འགོད་པ། སྤྲིན་ཚོམ་ཐོག་བསྐུར་བ་བཅས་བྱེད་ཐུབ། དེའི་ཐོག་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་དཔེ་རྣམ་སྒྱུར་བཅོས་ཤིག་མཐའ་ཡས་སྤང་ཐང་དང་འཁྱགས་ཀླུང་དུ་སྤེལ་བཞིན་པ་མཚོན་གྱི་ཡོད། ཤོག་བུའི་ཐོག་སྨྱུ་གུས་ཟིན་ཐོ་འགོད་པའི་འཚོལ་བསྡུ་བྱེད་སྟངས་ནས་AIཡིས་ཆ་འཕྲིན་ཡོངས་རྫོགས་འགྲེལ་བཤད་རྒྱག་པའི་བར་དང་། ལམ་ཐག་ལེ་དབར་སྟོང་ཕྲག་སྐྱོད་པའི་སྟེས་དབང་རྟོག་ཞིབ་ནས་དྲ་རྒྱ་ཅན་གྱི་གནད་སྨིན་ཚགས་བཤེར་བར་གྱི་འགྱུར་ལྡོག་ལས། སླད་ཕྱིན་ཡུལ་སྐོར་བ་དཀྱུས་མ་ཞིག་ཀྱང་eཚན་རིག་རྟོག་ཞིབ་ཀྱི་APPབརྒྱུད་ནས་སྒྲིག་ཁོངས་ཕྱིའི་ཚན་རིག་རྟོག་ཞིབ་པར་འགྱུར་རེ་ཡོད། དེ་དག་ཚང་མ་ནི་མཚོ་བོད་ས་མཐོ་འདི་ཉིད་རིག་ལྡན་སྲུང་སྐྱོང་གི་དུས་རབས་སུ་སྐྱོད་འགོ་ཚུགས་པ་ཙམ་ཡིན།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལས་བརྒལ་བའི་མཚོ་བོད་ས་མཐོར་གྲང་འགོག་སྟོད་ཐུང་དང་རི་འཛེག་ལྷམ་གྱོན་པའི་ཚན་རིག་རྟོག་ཞིབ་རུ་མི་ཚོས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་ནས། ཚེ་སྲོག་རྩད་ཞིབ་ཀྱི་གྲངས་གཞི་ཐོ་འགོད་བྱེད་བཞིན་ཡོད།
ཁོང་ཚོས་ལག་ཏུ་ཡང་ཞིང་ཁྱེར་བདེ་བའི་རིག་ནུས་སྒྲིག་ཆས་བཟུང་སྟེ། རྩྭ་གསེབ་ཏུ་སྐྱེས་པའི་མེ་ཏོག་སྨུག་ཆུང་ཞིག་ལ་བརྙན་ཤེལ་གཏད་ནས་པར་བརྒྱབ། ཁཱ་ཁྲ་ཞེས་པའི་སྒྲ་གྲགས་པ་དང་བསྟུན་ནས་eཚན་རིག་རྟོག་ཞིབ་ཀྱི་APPཡི་འཆར་ཤེལ་ཐོག་འཕྲལ་དུ་རྩི་ཤིང་དེའི་མིང་དང་། ས་ཁམས་གནས་ཚད། ས་བབ་མཐོ་ཚད། འཚོལ་བསྡུའི་དུས་ཚོད། ཁྱབ་ཡུལ་སོགས་ཁོར་ཡུག་གི་གྲངས་གཞི་ཞིབ་ཕྲ་མངོན་གྱི་ཡོད། སྐར་ཆ་ཁ་ཤས་སོང་རྗེས། མཐོང་ཐོས་མྱོང་གྲུབ་ཀྱི་རྩ་ཆེའི་དཔྱད་གཞི་དེ་དག་སྲུང་སྐར་དྲ་རྒྱ་བརྒྱུད། དུས་ཐོག་ཏུ་སྤྲིན་ཚོམ་གྲངས་གཞིའི་མཛོད་ལ་བསྐུར་ནས་རྒྱལ་ཁབ་ཀྱི་ཚན་ཞིབ་དཔྱད་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་གྱི་ཡོད།
ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུན་ཧང་གིས། ང་ཚོས་ཚན་རིག་རྟོག་ཞིབ་ཀྱི་དཔེ་མཚོན་རྣམ་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་ཞིག་བརྒྱུད་བཞིན་ཡོད། དེ་སྔའི་ཤོག་བུའི་ཟིན་ཐོ་དང་དཔེ་མཚོན་འཚོལ་བསྡུ་བྱེད་པའི་སྲོལ་རྒྱུན་གྱི་བྱ་ཐབས་དེ་ད་ཆ་གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་གྱིས་ཚབ་བྱས་ཡོད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱེད་པའི་གཙོ་གནད་ནི་ཁྱིམ་ཚང་གི་གནས་ཚུལ་མཐིལ་རྟོགས་དང་སྟོང་ཆ་གསབ་རྒྱུ་དེ་ཡིན་པ་དང་། ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་རང་བརྟེན་ཞིབ་བཟོ་བྱས་པའི་eཚན་རིག་རྟོག་ཞིབ་མ་ལག་ལ་བརྟེན་ནས། མི་མེད་གནམ་གྲུ་དང་རིག་ནུས་ཤེས་ཚོར་དང་དུས་ཐོག་བརྒྱུད་གཏོང་ལག་རྩལ་མཉམ་འདྲེས་བྱས་ཏེ། ཚན་རིག་རྟོག་ཞིབ་བྱེད་སྟངས་དེ་སྲོལ་རྒྱུན་གྱི་བརྟག་ཞིབ་ནས་གྲངས་གཞི་ཅན་དང་། དྲ་མིག་ཅན། རིག་ནུས་ཅན་བཅས་ཀྱི་སྤྱི་ཡོངས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།
ཕྱོགས་སྒྱུར་དེ་ཕྱོགས་གསུམ་ཐད་ནས་མངོན་པ་སྟེ། གྲངས་འཛིན་ཅན་དང་། དྲ་མིག་ཅན། དེ་བཞིན་རིག་ནུས་ཅན་བཅས་ཡིན་པ་དང་། གྲངས་འཛིན་ཅན་ནི་རང་བྱུང་ཁམས་ཆེན་མོར་གྲངས་གཞིའི་ཐོབ་ཐང་ལག་ཁྱེར་གཉེར་རྒྱུ་དེ་ཡིན་པ་དང་། མཚོ་བོད་ས་མཐོར་འཚོལ་བསྡུ་བྱས་པའི་དངོས་དཔེ་དང་འདྲ་པར་ཚང་མར་GPSཡི་ངེས་གནས་དང་། ས་བབ། ཁྱབ་ཚུལ་སོགས་ཕྱོགས་མང་དཔྱད་གྲངས་དང་དུས་ཐོག་ཏུ་འབྲེལ་དགོས་པས། མཉམ་དུ་འགུལ་རྣམ་གསར་བརྗེས་ཀྱི་མཚོ་བོད་ས་མཐོའི་སྐྱེ་དངོས་ཀྱི་ཆ་ཚང་གྲངས་གཞིའི་མཛོད་ཅིག་བསྐྲུན་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社