ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་25ཉིན།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2025ལོའི་རང་ལྗོངས་ཀྱི་སྨན་རྫས་བདེ་འཇགས་དང་དེ་བཞིན་སྨན་རྫས་ཐོན་ལས་ཐད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
གསར་འགྱུར་མགྲིན་ཚབ་པ་དང་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ནོར་བུས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པས། དམངས་འཚོའི་གནད་དོན་དང་སྤྱི་པའི་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། ལྟ་སྐུལ་དོ་དམ་སྡེ་ཁག་གི་ལྟེ་བའི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་ཀྱང་ཡིན། 2025ལོར་བོད་ལྗོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ནན་ཤོས་བཞིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་པ་དང་། དོན་ཆེན་བཞིར་དམིགས་པ། འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ། སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ལྟེ་གནས་ཀྱི་ལས་འགན་ལ་གཞི་ཚུགས་པ། ནུས་ཆེའི་ལྟ་སྐུལ་དོ་དམ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱེད་པ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社