(པར་ངོས་དང་པོར་མཐུད)ཅུས་ཀྲང་བཅས་ཡིན་པའི་ཐེན་ཀོང་ཧྭ་ཡིས་བསྡོམས་རྩིས་ལྟ་ཞིབ་ལས་དོན་བརྡ་ཁྱབ་བཏང་བ་དང་འབྲེལ་ལས་ཀའི་ཐད་བླང་བྱའང་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་འབྲེལ་མཐུད་མཐུན་སྦྱོར་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།
ཐེན་ཀོང་ཧྭ་ཡིས་བསྡོམས་རྩིས་ལྟ་ཞིབ་ལས་དོན་སྤེལ་དོན་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བསྡོམས་རྩིས་གྲངས་གཞིའི་ཡང་དག་པའི་ཁོར་ཡུག་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས་གྲངས་གཞི་ཇི་མ་ཇི་བཞིན་དང་ཡང་དག་ཡོང་བའི་འགན་ལེན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་དང་། བསྡོམས་རྩིས་སྒྱུར་བཅོས་ཕྱོགས་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་ཡག་པོ་ཞུ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་རེད།ད་ཐེངས་ཀྱི་བསྡོམས་རྩིས་ལྟ་ཞིབ་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་ལ་དོགས་ཟོན་དང་ཆད་གཅོད་བྱེད་པའི་ལྟ་ཞིབ་ལས་དོན་གྱི་ལག་བསྟར་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་ལྟ་ཞིབ་ནང་དོན་ལ་དམ་པོར་དམིགས་རྒྱུ་རེད།ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་།སྲིད་གཞུང་།དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ།བསྡོམས་རྩིས་རྫུན་བཟོ་གཏན་འགོག་གི་འགན་འཁྲི་དོན་འཁྱོལ།བསྡོམས་རྩིས་ཀྱི་ཁྲིམས་བཀོད་འགན་འཁྲི་སྒྲུབ་པ།བསྡོམས་རྩིས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་རྗེས་ཀྱི་ཡང་དག་པའི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ།བསྡོམས་རྩིས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དབང་གྲགས་ལ་སྲུང་སྐྱོང་།བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་ནུས་ལྡན་བྱས་ནས་བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ།དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུར་སྤུས་ཚད་མཐོ་བའི་བསྡོམས་རྩིས་ཞབས་ཞུའི་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལྟ་ཞིབ་ཚོགས་ཆུང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ལྟ་ཞིབ་ཚོགས་ཆུང་ལྷ་སར་བཅའ་སྡོད་བྱས་ནས་ལས་དོན་སྤེལ་བ་ནི་ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་བརྟག་དཔྱད་ལག་བསྟར་བྱེད་པ་ཞིག་ཡིན་ལ་ང་ཚོས་གནད་དོན་ཤེས་རྟོགས་དང་མི་འདང་བའི་ཆ་ལེགས་བཅོས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་རེད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆེས་མངོན་གསལ་དོད་པའི་རྣམ་འགྱུར་གྱི་ཐོག་ནས་བསྡོམས་རྩིས་ལྟ་ཞིབ་དང་ལེན་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། བསྡོམས་རྩིས་ལྟ་ཞིབ་དང་ལེན་བྱ་རྒྱུ་དེ་གཏིང་ཟབ་པའི་ཁྲིམས་སྐྱོང་སློབ་གསོར་བརྩི་བ། བསྡོམས་རྩིས་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ། དེ་བཞིན་བསྡོམས་རྩིས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རང་འགུལ་ངང་སྒོ་ཕྱེ་ནས་ཞིབ་བཤེར་བསུ་བ། གནས་ཚུལ་ངོ་མ་ཇི་མ་ཇི་བཞིན་ཞུ་བ་བཅས་བྱས་ཏེ་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ། ཆེས་ནུས་ལྡན་གྱི་འགན་ལེན་ལ་བརྟེན་ནས་བསྡོམས་རྩིས་ལྟ་ཞིབ་ལ་གཞོགས་འདེགས་བྱས་ཏེ་ལྟ་ཞིབ་ཚོགས་ཆུང་གིས་ཁ་གསལ་བཏོན་པའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལྟ་ཞིབ་ཚོགས་ཆུང་གིས་བཏོན་པའི་བསམ་འཆར་ལ་རེ་རེ་བཞིན་ཞིབ་བསྡུར་དང་གནད་སྨིན་དོན་འཁྱོལ་བྱེད་པ། ཞབས་ཞུའི་འགན་ལེན་ལས་དོན་ནན་ཏན་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁོར་ཡུག་ཡག་ཤོས་གཏོད་པ་དང་སྟབས་བདེ་ཆེ་ཤོས་མཁོ་འདོན་བྱེད་དགོས། གཞན་ཡང་བློ་ཐག་ཆོད་ཤོས་ཀྱི་བྱ་ཐབས་ལ་བརྟེན་ནས་བསྡོམས་རྩིས་ལྟ་ཞིབ་ལ་སྐུལ་འདེད་བཏང་སྟེ་ལྟ་ཞིབ་བྱ་རྒྱུ་དེ་རིགས་གཅིག་མཁས་ཅན་གྱི་བརྟག་དཔྱད་ཐེངས་ཤིག་ལ་བརྩིས་ནས་གནད་དོན་ལ་ཐད་ཀར་དམིགས་པ་དང་། ལྷག་བསམ་རྣམ་དག་ངང་དང་ལེན་བྱེད་པ། བྱ་ཐབས་ནུས་ལྡན་སྤྱད་དེ་ལྟ་ཞིབ་དག་ཐེར་གྱི་རྗེས་མའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་བསམ་བློའི་འགོག་སྲུང་འཛིང་རགས་དང་ལམ་ལུགས་ཀྱི་ཆུ་རགས་རྫུན་མ་བཟོ་མི་ཕོད་པ་དང་བཟོ་མི་འདོད་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པའི་མཛུབ་སྟོན་གནང་བ་རེད།
ཚོགས་འདུའི་ཐོག་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་རྩིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།
རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཆིང་ཀྲེང་དང་། ལྟ་ཞིབ་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཤིའུ་ལི། དེ་བཞིན་ལྟ་ཞིབ་ཚོགས་ཆུང་གི་ཁོངས་མི་ཡོངས། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་དང་། བློ་གསལ། འབྲེལ་ཡོད་སྡེ་ཚན་དང་སྟག་རྩེ་ཆུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་འབྲེལ་མཐུད་མཐུན་སྦྱོར་ཚོགས་འདུར་ཞུགས་ཡོད།
བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་2025ལོའི་བསྡོམས་རྩིས་ལྟ་ཞིབ་ཚོགས་ཆུང་གཉིས་པས་ལྷ་ས་གྲོང་ཁྱེར་དུ་དུས་ཡུན་ཉིན་11གི་བསྡོམས་རྩིས་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད། བཅའ་སྡོད་ལྟ་ཞིབ་བྱེད་རིང་བསྡོམས་རྩིས་ལྟ་ཞིབ་བཅའ་སྡོད་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ་དང་བསྡོམས་རྩིས་རྫུན་བཟོ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཐེར་འདོན་ཁ་པར་དང་ཐེར་འདོན་ཡིག་སྒམ་བཙུགས་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社