མལ་གྲོ་གུང་དཀར་རྫོང་གི་2025ལོའི་གཞུང་གི་བོགས་གཏོང་ཁང་པའི་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་མགྱོགས་པོ་བཏང་བ།
(པར་ངོས་དང་པོར་མཐུད)བཟོ་པས་རང་འགན་གཙང་སྒྲུབ་བྱེད་པ་སོགས་ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་རྣམ་པ་ཞིག་མངོན། མིག་སྔར་རྣམ་གྲངས་དེས་ལས་གྲྭའི་བརྒྱ་ཆ་60ལེགས་གྲུབ་ཟིན་པ་དང་།བོགས་གཏོང་གཞུང་ཁང་172ཀྱི་སྒྲོམ་གཞི་གཙོ་བོ་རགས་ཙམ་ཆགས་ནས་ལས་མཇུག་འགྲིལ་བའི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
མལ་གྲོ་གུང་དཀར་རྫོང་གི་དམངས་འཚོ་འགན་ལེན་གྱི་གཙོ་གནད་ལས་གྲྭའི་གྲས་ཤིག་ཡིན་པའི་ངོས་ནས་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་4300ལྷག་ཙམ་བཏང་ཡོད་ཅིང་།གསར་དུ་བསྐྲུན་པའི་སྡོད་ཁང་ཕུད་ད་དུང་འགྲོ་ལམ་མཁྲེགས་འགྱུར་དང་། སྔོ་འགྱུར། ཆུ་མཁོ་འདོན་དང་ཆུ་འབུད། དེ་བཞིན་གློག་དང་འབར་རླངས་སོགས་ཞོར་གཏོགས་སྒྲིག་བཀོད་ཆ་ཚང་བའི་ངང་བསྐྲུན་ཡོད། རྣམ་གྲངས་དེ་2025ལོའི་ཟླ་5པར་ལས་འགོ་ཚུགས་ཚུན་དུ།ཨར་ལས་ཚན་པས་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་ཨར་ལས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་ནས་རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱས་ཡོད།
རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་པ་ཙེང་ཁྲེང་གིས་ད་ཆ་སྤྱིའི་ལས་གྲྭའི་བརྒྱ་ཆ་60ལེཊ་གྲུབ་ཟིན་པ་དང་། ཉེ་བའི་ཉིན་གཉིས་ནང་སྒྲོམ་གཞི་གཙོ་བོར་ཞིབ་བཤེར་རྩིས་ལེན་བྱེད་བཞིན་ཡོད་པས་ཞིབ་བཤེར་རྩིས་ལེན་བྱས་རྗེས་གྱང་གི་ཕྱི་ནང་ལ་མཛེས་རྒྱན་སྤྲས་པ་དང་དཀར་རྩི་འབྱུག་པའི་ལས་གྲྭ་འགོ་འཛུཊ་རྒྱུ་ཡིན་ཞིང་།སྔོན་དཔག་བྱས་ན་2026ལོའི་ཟླ་5པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད། ལས་མཇུག་འགྲིལ་རྗེས་རྣམ་གྲངས་དེས་སྡོད་ཁང་172མཁོ་འདོན་བྱེད་ཐུབ་པ་དང་སྡོད་ཁང་རེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་56ཙམ་ཡོད་པས་སྡོད་ཁང་ཚང་མར་ཉལ་ཁང་གཅིག་དང་། ཚོམས་ཆེན་གཅིག ཐབ་ཚང་གཅིག གསང་སྤྱོད་གཅིག་བཅས་ཡོད་ཅེས་བཤད།
སྡོད་ཁང་འགན་སྲུང་ནི་དམངས་འཚོའི་རྨང་གཞི་ཡིན་པས་མང་ཚོགས་བདེ་ལ་འཁོད་ན་ལས་བརྩོན་གང་ལེགས་བྱེད་ཐུབ། མལ་གྲོ་གུང་དཀར་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྡོད་སའི་ཁང་པ་ཡོད་པ་བྱ་རྒྱུ་དེ་དམངས་འཚོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ།2023ལོར་མ་དངུལ་སྒོར་ཁྲི་1200བཏང་ནས་བསྐྲུན་པའི་སྤྱི་པའི་བོཊ་གཏོང་ཁང་པ་48བདེ་བླག་ངང་རྩིས་སྤྲད་དེ་མང་ཚོཊ་ཁག་གཅིག་གི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་ཡོད། ད་ཐེངས་ཀྱི་2025ལོའི་གཞུང་གི་བོཊ་གཏོང་ཁང་པའི་རྣམ་གྲངས་ཀྱི་གཞི་ཁྱོན་དེ་བས་ཆེ་བ་དང་མཉམ་དུ་སྐུལ་འདེད་གཏོང་བའི་2024ལོའི་གཞུང་གི་བོཊ་གཏོང་ཁང་པའི་རྣམ་གྲངས་དང་དམངས་འཚོ་འགན་ལེན་གྱི་མཉམ་ཤུཊ་ཤིག་ཆགས་ནས་ས་གནས་དེ་གའི་སྡོད་ཁང་གི་གནོན་ཤུཊ་ཆུང་དུ་ཕྱིན་ཡོད།
རྣམ་གྲངས་བསྐྲུན་རྗེས།འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་དང་། བདེ་སྡོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། མང་ཚོགས་ཀྱི་བདེ་སྣང་ཆེ་རུ་གཏོང་བ་བཅས་བྱས་ཏེ།རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ཤུགས་སྣོན་རྒྱུ་རེད། ལས་གྲྭའི་འཆར་གཞི་བཀོད་པ་ནས་ལས་གྲྭ་འགོ་ཚུགས་པའི་བར། མལ་གྲོ་གུང་དཀར་རྫོང་གིས་དམངས་འཚོའི་ཐད་དངོས་དངོས་རྗེན་རྗེན་གྱི་མ་དངུལ་བཏང་ནས་དུས་རབས་གསར་པའི་དམངས་འཚོའི་རྒྱུགས་ལན་འདེབས་བཞིན་ཡོད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社