分享按钮

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོའི་ཞིབ་བཤེར་བྱ་སྤྱོད་སྤེལ་ཏེ་1+4ཡི་ཁོར་ཡུག་བཅོས་སྒྲིག་ ཆེན་མོའི་འགྲིམ་འགྲུལ་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་1+4ཡི་ཁོར་ཡུག་བཅོས་སྒྲིག་ཆེན་མོའི་ལས་དོན་ལ་མུ་མཐུད་དེ་སྐུལ་འདེད་གཏིང་ཟབ་བཏང་ནས་མཚན་མོའི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྔར་བས་ལེགས་སུ་གཏོང་བ་དང་གྲོང་མི་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་ཐད་འགན་ལེན་ཏན་ཏིག་བྱ་ཆེད། ཟླ་11ཚེས་13ཉིན་གྱི་དགོང་མོ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱིས་གཙང་འགྲམ་ལམ་དུ་མཚན་མོ་ཆང་རག་བཏུངས་ནས་རླངས་འཁོར་གཏོང་མཁན་ཡོད་མེད་ཐད་ཞིབ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། མཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱི་ཐོག་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྒྲིག་ཆེད་འགྲོ་ལམ་བདེ་འཇཊ་ཀྱི་སྲུང་ཡོལ་བརྟན་དུ་བཏང་ཡོད།

ཐེངས་འདིའི་མཚན་མོའི་ཞིབ་བཤེར་བྱ་སྤྱོད་དེས་1+4ཡི་ཁོར་ཡུག་བཅོས་སྒྲིག་ཆེན་མོའི་ལས་དོན་གྱི་བླང་བྱར་གཞིགས་ནས། མཚན་མོའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཐོན་མང་བའི་དུས་མཚམས་ལ་དམིགས་ཏེ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 6 6 拉萨日报藏文 c211923.html 1 ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོའི་ཞིབ་བཤེར་བྱ་སྤྱོད་སྤེལ་ཏེ་1+4ཡི་ཁོར་ཡུག་བཅོས་སྒྲིག་ ཆེན་མོའི་འགྲིམ་འགྲུལ་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། /enpproperty-->