རིག་གནས་ནི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་བསམ་པའི་དར་ཆ་ཡིན་ལ་མ་འོངས་པར་སྐུལ་འདེད་གཏོང་བའི་ལྟེ་བའི་སྒུལ་ནུས་དེ་བས་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བར་གྲོང་ཁྱེར་འཆར་འགོད་ལ་བརྟེན་ནས་ལོ་རྒྱུས་ཀྱི་རིག་གནས་འབྱུང་རྩར་སྲུང་སྐྱོང་བྱེད་པ་དང་། གཞོན་ནུ་ལོ་ཆུང་གསོ་སྐྱོང་ལ་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུཊ་འཕེལ་བར་བྱེད་པ། གཞུང་འཁྱོངས་དང་གསར་འབྱེད་ཀྱི་རེས་སྐོར་གཉིས་ཀྱི་སྐུལ་འདེད་འོག་ལོ་ངོ་སྟོང་གི་གངས་ལྗོངས་གནའ་གྲོང་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུཊ་ཉིན་བཞིན་ཆེ་རུ་གཏོང་བ་བཅས་སྤུས་མཐོའི་འཕེལ་རྒྱས་ལ་རིག་གནས་ཀྱི་གསོན་ཤུཊ་རྒྱུན་ཆད་མེད་པར་བསྣན་ཡོད།
གྲོང་ཁྱེར་འཆར་འགོད་ཁང་ནི་གྲོང་ཁྱེར་ཞིག་གི་རིག་གནས་ཀྱི་ཕྱོགས་བསྡུས་གཞི་རྟེན་ཞིག་ཡིན་ལ་གྲོང་ཁྱེར་གྱི་ནང་དོན་མཚོན་པའི་སྒྲ་མེད་སྐད་བརྡ་ཞིག་ཀྱང་ཡིན། 2021ལོ་ནས་2035ལོ་བར་གྱི་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་གཞིར་བཟུང་། ལྷ་སའི་འཆར་འགོད་འཛུགས་སྐྲུན་འགྲེམས་སྟོན་ཁང་དེ་2025ལོའི་ཟླ་5པར《རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་གྲུབ་འབྲས་འགྲེམས་སྟོན》གྱི་འགྲེམས་སྟོན་ལས་དོན་སྤེལ་འགོ་ཚུགས་ཡོད། ཟླ་བ་གསུམ་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社