分享按钮

ཞི་ཅིན་ཕིང་གིས་ཧྥུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་དང་མཇལ་འཛོམས་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་30ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཧྥུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷོ་ཁོ་རེ་ཡའི་ཧྥུ་ཧྲན་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཧྥུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོས་རོགས་ཟླ་དང་གྲོཊ་པོ་བྱེད་པ་ནི་ལོ་རྒྱུས་ཀྱི་བློ་འབྱེད་ཡིན་ལ་དོན་དངོས་ཀྱི་དགོས་མཁོའང་ཡིན། རྒྱལ་ཁབ་གཉིས་པོའི་རྒྱལ་ཚུལ་མི་འདྲ་བས། ཕྱོཊ་འགལ་ཁག་གཅིག་ཡོད་པ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་ལ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་མདུན་གྲལ་གཉིས་ཡིན་པའི་ངོས་ནས་སྐབས་འགར་འགན་ཟླ་ཐོན་སྲིད་པ་ཡང་རྒྱུན་ལྡན་ཞིག་ཡིན། རླུང་རླབས་དང་འགྲན་སློང་འཕྲད་སྐབས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནི་ཁ་ལོ་སྒྱུར་མཁན་ཡིན་པའི་ངོས་ནས་ཁ་ཕྱོགས་དམ་འཛིན་དང་གནས་བབ་ཧྲིལ་པོར་ཚོད་འཛིན་ཡག་པོ་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་པར་བྱེད་དགོས། ང་རང་ནས་མུ་མཐུད་དེ་སྲིད་འཛིན་ཐེ་རོན་ཕུའུ་དང་ལྷན་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བར་རྨང་གཞི་བརྟན་པོ་ཞིག་འདིང་འདོད་ཡོད་ལ། རྒྱལ་ཁབ་གཉིས་པོའི་རང་སོའི་གོང་འཕེལ་ལ་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-01 6 6 拉萨日报藏文 c211008.html 1 ཞི་ཅིན་ཕིང་གིས་ཧྥུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་དང་མཇལ་འཛོམས་གནང་བ། /enpproperty-->