(པར་ངོས་གཉིས་པར་མཐུད)མི་རིགས་མཐུན་སྒྲིལ་དེ་ཞིབ་ཕྲའི་ལག་ལེན་ནས་མི་སེམས་ལ་གཏིང་ཟབ་འཇགས་པའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ད་ཆ་ཁོང་གིས་ལས་དོན་དེར་སྔར་བཞིན་འབད་བརྩོན་བྱེད་བཞིན་ཡོད། བསོད་ནམས་དབྱངས་སྐྱིད་ཀྱིས་ད་ཆ་ང་སླར་ཡང་ཚལ་སྣེ་གྲོང་རྡལ་དུ་ལོག་ནས་ལས་ཀ་བྱེད་ཀྱི་ཡོད། རྗེས་མར་ངས་མི་རིགས་མཐུན་སྒྲིལ་དེ་ངའི་འཚོ་བ་དང་ལས་ཀའི་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་པ་དང་།
དྲིལ་བསྒྲཊ་ལས་བྱེད་པའི་ལྟ་སྟངས་ཀྱི་ཐོག་ནས་ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྔོག་འདོན་བྱེད་པ། མིག་དཔེའི་ཐོག་ནས་ཉེ་འགྲམ་གྱི་མི་རྣམས་ལ་སེམས་འགུལ་ཐེབས་སུ་འཇུག་པ་བཅས་བྱས་ཏེ་ཚང་མས་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུ་ཡིན་ཞེས་བཤད།
ལས་རོགས་ཡིན་པའི་ཆུ་ཤུར་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མིག་དམར་ཚེ་རིང་གིས་བློ་མཐུན་བསོད་ནམས་དབྱངས་སྐྱིད་ནི་ཡར་རྒྱས་བརྩོན་ལེན་དང་། འགན་འཁྲི་འཁུར་ཕོད་པ། གཞན་དོན་ཧུར་ལེན་བཅས་གནང་མཁན་ཞིག་ཡིན་པས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཁོང་གིས་གཞི་རིམ་གྱི་དྲིལ་བསྒྲཊ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ང་ཚོའི་མི་རིཊ་མཐུན་སྒྲིལ་བྱ་གཞག་ལ་དེ་བས་བཀྲག་མདངས་འཚེར་བའི་བྱས་རྗེས་འབུལ་ངེས་རེད་ཅེས་བཤད།
བསོད་ནམས་དབྱངས་སྐྱིད་ཀྱིས་མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་ཅིག་མིན་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་ལེན་བསྟར་བའི་འགན་འཁྲི་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལས་བྱུང་བ་ཞིག་ཡིན་ཞེས་བཤད་པའི་སྐད་ཆ་དེ་ཁོང་གི་ལོ་23རིང་གི་གཞི་རིམ་ལས་དོན་གང་འདྲ་གནང་མིན་ཇི་མ་ཇི་བཞིན་མཚོན་ཡོད། ཞིང་ཁ་དང་མུ་ཁ་ནས་གྲོང་གསར་བཀོད་སྒྲིག་བར་དང་ཐོན་ལས་འཕེལ་རྒྱས་ནས་རིག་གནས་མཉམ་འདྲེས་བར་ཁོང་གིས་འགན་འཁྲི་དང་བརྩེ་སེམས་ཟབ་མོས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་གཞི་རིམ་ལས་བྱེད་པའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པར་བྱས་ཡོད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社