ཨ་རིའི་སྲིད་གཞུང་གིས་ལས་མཚམས་བཞག་པ་དེས་ཕྱོགས་ཁག་ལ་མུ་མཐུད་ནས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། མཁའ་ཐོག་འགྲིམ་འགྲུལ་དོ་དམ་པས་ནད་དགོངས་ཞུས་པས་མི་སྣ་མི་འདང་བའི་གནས་ཚུལ་ཚབས་ཆེ་རུ་ཕྱིན་ཏེ་དུས་གཏན་གནམ་གྲུ་ནར་འགྱངས་བྱས་པ་རེད། དུས་གཏན་གནམ་གྲུའི་རྗེས་སྙེག་དྲ་ཚིགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཚེས་7ཉིན་ཨ་རི་ཡོངས་ཀྱི་དུས་གཏན་གནམ་གྲུ་ཐེངས་3000ཙམ་ནར་འགྱངས་བྱས་པས། ཤིའུ་སི་ཏུན་དང་། ན་ཧྲི་ཝེར། ཏ་ལ་སི། ཉིའུ་ཝ་ཁེ་སོགས་གནམ་ཐང་ཚང་མར་ཤུགས་རྐྱེན་ཐེབས་ཡོད།
པར་འདི་ནི་ཟླ་10ཚེས་8ཉིན་ཨ་རིའི་ཧྥུའུ་ཅི་ཉི་ཡ་མངའ་སྡེའི་ཨ་ལིང་ཏུན་ལི་ཀེན་རྒྱལ་ཁབ་གནམ་ཐང་ནས་འཕུར་བཞིན་པའི་གནམ་གྲུ་ཞིག་ཡིན།(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང)(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社