(པར་ངོས་དང་པོར་མཐུད)འདི་ལོ་ཚུན་དུ།གྲོང་ཁྱེར་ཡོངས་སུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། སྲིད་ཇུས་ཀྱི་ཕན་འབྲས་རིམ་བཞིན་མངོན་པ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། མ་དངུལ་དང་ལས་སྟེགས་ཟུང་དུ་འབྲེལ་བ་དང་། རིག་གནས་དང་ཡུལ་སྐོར་དང་ཚོང་ལས་བཅས་ཟུང་དུ་འབྲེལ་བ་བརྒྱུད་ཡུལ་ཁོངས་ཧྲིལ་པོ་མཉམ་འགུལ་དང་། སྣ་ཁ་གསབ་རེས། ཉམས་ལེན་རིམ་སྤོར་བཅས་ཀྱི་ངལ་གསོའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་ཡོད། ཟླ་10ཚེས་8ཉིན་བར་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རིམ་ཁག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་6.009སྤྱི་འདོམས་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་4.5ཞིབ་བཤེར་རྩིས་ཞུ་བྱས་ཤིང་། རིམ་རྩིས་བྱས་ན་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་ཚད་སྒོར་དུང་ཕྱུར་35ཙམ་ཟིན་པ་དང་། ཕྱོགས་བསྡུས་བཀན་གྲངས་1:7.5ཟིན་ཡོད།
“དུས་ཆེན་གཉིས”རིང་གྲོང་ཁྱེར་རིམ་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་4950བཏང་བ་དང་། ཞིབ་བཤེར་རྩིས་ཞུ་སྒོར་ཁྲི་1137.2བྱས་ཤིང་། འཛད་སྤྱོད་སྒོར་དུང་ཕྱུར་1.27ལ་ཐད་ཀར་སྐུལ་ཁྲིད་བྱས་པ་དང་བཀན་གྲངས་1:11ཟིན་ཡོད། འཛད་སྤྱོད་གྲུབ་ཆའི་ཐད་ནས་བལྟས་ན། ཀུན་སྤྱོད་འཛད་སྤྱོད་འཛིན་ཤོག་དང་གྲངས་གཞིའི་3Cཐོན་རྫས་ཀྱི་ཁ་གསབ་ཀྱིས་མཚོན་པའི་སིལ་ཚོང་ལས་རྣམ་འཕར་ཤུགས་དེ་བས་ཆེ་བ་ཡོད་ཅིང་།དེའི་ཐོག་ནས་གྲོང་མིའི་རྒྱུན་གཏན་གྱི་འཛད་སྤྱོད་དང་སྤུས་ཚད་རིམ་སྤོར་གྱི་དགོས་མཁོ་དུས་གཅིག་ཏུ་བྱུང་བ་མཚོན་ཡོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བས་འཛད་སྤྱོད་ཀྱི་ཡིད་དབང་འགུགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། “དུས་ཆེན་གཉིས”རིང་། “བརྩེ་བས་ཕྱུག་པའི་ལྷ་སའི་སྐྱིད་ཆུ”དང་། “གྲོང་ཁྱེར་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར” “བོད་ཀྱི་བྲོ་བ”སོགས་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་དམིགས་ཏེ། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཆེད་དོན་འཛད་སྤྱོད་འཛིན་ཤོག་ལེ་ལག་ཚང་བའི་ངང་སྤྲད་པ་དང་། རིག་གནས་ཡུལ་སྐོར་སྡེ་ཚན་དང་མཉམ་དུ་བཟའ་བཏུང་དང་། མངོན་མིན་རིག་གནས་ཤུལ་བཞག རིག་གནས་གསར་གཏོད་སོགས་ལས་རྣམ་གྱི་ཚོང་འགུགས་ལས་དོན་སྤེལ་ཏེ། ཉམས་ལེན་རྣམ་པའི་འཛད་སྤྱོད་དེ་བཀྲག་མདངས་འཚེར་ས་གསར་པར་འགྱུར་རྒྱུར་སྐུལ་འདེད་བཏང་ནས“ཡུལ་སྐོར་བྱེད་ཆོག་པ་དང་། མྱོང་རོལ་བྱེད་ཆོག་པ།ཉམས་ལེན་བྱེད་ཆོག་པ་བཅས་ཀྱི་འཛད་སྤྱོད་རྣམ་པ་གསར་པ་བཏོད་ཡོད།བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱིས“དུས་ཆེན་གཉིས”རིང་རླངས་འཁོར་འགྲེམས་སྟོན་དང་། གཅེས་ཉར་སྲོག་ཆགས་འགྲེམས་སྟོན། ཁྱིམ་ཆས་འགྲེམས་སྟོན་སོགས་འགྲེམས་ཚོགས་ཆེ་གྲས་གཉེར་བ་དང་། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་འཛད་སྤྱོད་ཁ་གསབ་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ་རླངས་འཁོར་སོགས་འཛད་སྤྱོད་འབོར་ཆེན་དང་།དེ་བཞིན་གསར་དར་འཛད་སྤྱོད་ཁྱབ་ཁོངས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་འཛད་སྤྱོད་ཀྱི་བར་མཐོངས་སྔར་བས་ཆེ་རུ་བཏང་བ་རེད།
གཞན་ཡང་། དུས་ཆེན་རིང་རྫོང་ཆུས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ལས་ཡུལ་ཁོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་ཐུབ་ཡོད།ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་སོགས་རྫོང་དང་ཆུས་ཀྱིས《བྱ་ཐབས་དོན་ཚན་ཁག་10》ཡི་མ་དངུལ་ལེ་ལག་ཚང་བའི་སྒོ་ནས་བསྡུ་སྒྲིལ་བྱས་ནས་དུས་ཆེན་དང་རྟེན་འབྲེལ་དུས་ཚིགས་དང་ཟུང་འབྲེལ་བྱས་ཏེ་རིམ་རྩིས་བྱས་ན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་ཐེངས་20ལྷག་ཙམ་སྤེལ་བ་དང་།ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་ཡུལ་ཁོངས་ཀྱི་འཛད་སྤྱོད་བྱེད་མང་ས་བཏོད་པར་བརྟེན་འདེགས་སྐྱོར་མང་པོའི་འཛད་སྤྱོད་སྐུལ་འདེད་མ་ལག་ཅིག་ཆགས་པར་བྱས་ཡོད།
ད་ཐེངས་ཀྱི“དུས་ཆེན་གཉིས”རིང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཧྲིལ་པོ་སྔོན་དཔག་གི་དམིགས་ཚད་དུ་སླེབས་པ་དང་། སྲིད་ཇུས་མ་དངུལ་གནད་སྨིན་ངང་གཏོང་བ་དང་། རིག་གནས་དང་།ཡུལ་སྐོར།ཚོང་པ་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པ། དྲ་ཐོག་དང་དྲ་ཕྱི་མཉམ་དུ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཁྲོམ་རའི་འཁོར་སྐྱོད་སྙོམས་སྒྲིག་དང་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཤང་ཏ་ཅུན་གྱིས།“དུས་ཆེན་གཉིས”རིང་། རང་གྲོང་གིས་སྲིད་གཞུང་གིས་ཆ་རྐྱེན་སྐྲུན་པ་དང་། ཚོང་པས་བྱེད་སྒོ་སྤེལ་བ། མང་ཚོགས་ཞུགས་པ་བཅས་ཀྱི་རྩ་དོན་གཞིར་བཟུང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་མང་པོ་སྒྲིག་འཛུགས་བྱས་ནས་ཚོགས་སྤྱི་མི་འདྲ་བའི་འཛད་སྤྱོད་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། རྗེས་མར་ང་ཚོས་ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ཆགས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡོམས་བྱེད་པ་དང་།
དེ་བས་དམིགས་སའི་རང་བཞིན་ལྡན་པའི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ནས་འདོན་པ། འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། འཛད་སྤྱོད་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཤུགས་སྣོན་རྒྱག་པའི་སྒུལ་ཤུགས་བསྣན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社