(པར་ངོས་དང་པོར་མཐུད)ཞབས་འདེགས་ཞུ་ཤེས་པ། ལས་དོན་སྒྲུབ་ཐུབ་པ་བཅས་ཀྱི་དམིགས་ཚད་ལ་དམིགས་ནས་ཕྱོགས་བསྡུས་སྐྱེད་སྲིང་དང་། ལག་ལེན་ལ་བརྟེན་ནས་སྦྱོང་བརྡར། ལས་སྟེགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་སྣ་མང་ནུས་འདོན་མ་ལག་གསར་གཏོད་བྱས་ཏེ་སྡེ་ཁུལ་གྱི་ལས་དོན་པ་མགྱོགས་མྱུར་འཚར་ལོངས་དང་ནུས་ཆེའི་ཞབས་ཞུར་བརྒྱུད་རིམ་ལྡན་པའི་ཐག་གཅོད་ཀྱི་ཇུས་གཞི་མཁོ་འདོན་བྱས་ཡོད།
ལངས་གཟུགས་སྐྱེད་སྲིང་ཐད་ཁྲེང་ཀོན་ཆུས་ཀྱིས་མཐོ་སློབ་དང་། རྟེན་གཞི། སྡེ་ཁུལ་བཅས་ཟུང་འབྲེལ་གྱི་མཉམ་ལས་བྱེད་སྟངས་བཏོད་ཡོད། དེ་ཡང་བོད་ལྗོངས་མི་རིགས་སློབ་ཆེན་དང་མཉམ་འབྲེལ་ཐོག་དར་དམར་སྡེ་ཁུལ་དུ་ལྗོངས་ཡོངས་ཀྱི་རིག་ནུས་ཅན་གྱི་སྤྱི་ཚོགས་ལས་དོན་གྱི་དངོས་སྦྱོང་རྟེན་གཞི་ཐོག་མ་དེ་བཙུགས་པ་དང་། AIརིག་ལྡན་ལད་ཟློས་ཁུལ་དང་XRལད་ཟློས་ཉམས་ལེན་ཁུལ་བཙུགས་ནས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་ཁྱིམ་མཚེས་ཀྱི་འགལ་ཟླ་འདུམ་འགྲིག་སོགས་རྙོག་འཛིང་ཆེ་བའི་རྣམ་པ་6སླར་གསོ་བྱས་ཏེ། སྤྱི་ཚོགས་ལས་དོན་པས་ནང་སྦྱོང་བརྒྱུད་ཁ་གཏད་གཅོག་པའི་བརྒྱུད་རིམ་ལ་རྒྱུས་མངའ་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་རྒན་པོ་མྱོང་བ་ཅན་གྱིས་སློབ་མ་ཁྲིད་པའི་ཆ་སྒྲིག་ལམ་སྲོལ་ཁྱབ་གདལ་དུ་བཏང་ནས།“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་800ལྷག་ཙམ་གྱིས་མཉམ་ལས་ཁང་གསར་པའི་ལས་མི་དང་ཆ་སྒྲིག་བྱས་ཏེ།ཧྲུའུ་ཅིའི་སྙིང་གཏམ་ཤོད་རེས་དང་ཉམས་མྱོང་བརྒྱུད་སྤེལ་དང་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱེད་པའི་སློབ་གསོའི་བྱ་ཐབས་སོགས་བརྒྱུད་ནས་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་རྒྱུན་འཛིན་བྱས་ཡོད། སྤྱི་ཚོགས་ལས་དོན་པ་126སྒྲིག་འཛུགས་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་ལ་རྟོག་ཞིབ་བྱས་པ་དང་། ཕུལ་བྱུང་གི་སྤྱི་ཚོགས་ལས་དོན་པ་60པེ་ཅིན་ཐུང་ཀྲོའུ་རུ་གནས་སྦྱར་བྱེད་པར་མངགས་ནས་སྔོན་ཐོན་གྱི་ཉམས་མྱོང་དེ་དག་ས་གནས་དེ་གའི་བཅོས་སྐྱོང་བྱེད་ཐབས་སུ་བསྒྱུར་བ་རེད།
ལག་ལེན་སྦྱོང་བརྡར་ཐད། ལག་ལེན་དང་། འཇོན་ནུས། གདེང་འཇོག་བཅས་ཀྱི་གདུབ་ཟུམ་སྦྲེལ་ཐག་བཏོད་ཡོད། དེ་ཡང་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་ལས་དོན་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུའི་ནང་ཞུགས་ཏེ་ལག་ལེན་གྱི་ཐབས་རྩལ་དེ་སྲིད་ཇུས་དྲིལ་བསྒྲགས་དང་འགལ་ཟླ་འདུམ་འགྲིག་སོགས་ཀྱི་ལས་དོན་ལ་སྤྱད་པ་རེད། ང་ཡི་དྲ་མིག་ལས་དོན་ང་ཡིས་གླེང་ཞེས་པ་གཞི་རྟེན་དུ་བྱས་ནས་འགྲན་བསྡུར་ཆེན་པོ་བྱས་པ་དང་། ག་བཏང་གོ་ཆོད་ཀྱི་སྤྱི་ཚོགས་ལས་དོན་པ་160ལྷག་ཙམ་གྱིས་སྲིད་ཇུས་གསལ་འགྲེལ་དང་དཀའ་གནད་ཐག་གཅོད་ལ་དམིགས་ནས་རྩལ་འགྲན་བྱས་ཏེ་ཆེད་ལས་གཅིག་དང་ནུས་མང་གི་ནུས་པ་ཆེ་རུ་བཏང་ཡོད། ཕྱོགས་གཉིས་པོའི་ཚུར་ལན་གདེང་འཇོག་ལམ་སྲོལ་བཙུགས་ནས་སྤྱི་ཚོགས་ལས་དོན་པ་དང་། གྲོང་མི། རིགས་གཅིག་མཁས་ཅན་བཅས་གདན་དྲངས་ཏེ་གསོ་སྦྱོང་གི་ཉེར་སྤྱོད་རང་བཞིན་དང་ཞབས་ཞུའི་བློ་ཡིད་ཚིམ་ཚད་ལ་སྐར་མ་རྒྱག་པ་དང་གྲུབ་འབྲས་ལ་གཞིགས་ནས་གསོ་སྦྱོང་གི་འཆར་གཞི་ལེགས་སྒྲིག་བྱས་ཡོད། གཞན་ཡང་། སྤྱི་ཚོགས་ལས་དོན་པ་འཐབ་ས་དང་པོར་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་ཏེ།བདེ་སྐྱིད་ཀྱི་སྒོ་མོ་དང་ཁུ་བྱུག་གི་གསུང་སྙན་ཞེས་པ་སོགས་ཀྱི་ལས་ཀའི་བྱ་ཐབས་ཆགས་པར་བྱས་ནས་ཆེད་ལས་ཀྱི་ནུས་པ་དེ་ཞབས་ཞུའི་ཕན་འབྲས་སུ་འགྱུར་བར་བྱས་ཡོད།
ལས་སྟེགས་ཀྱི་ནུས་པའི་ཐད་ཏང་འཛུགས་སྐྱོང་དང་། ཤེས་ལྡན་པ། ཞབས་ཞུ་བཅས་ཟུང་འབྲེལ་གྱི་མཉམ་འགུལ་གཞི་རྟེན་བཏོད་ཡོད། དེ་ཡང་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས་གྲོང་མིའི་དགོས་མཁོའི་གསལ་ཐོ་1200ལྷག་ཙམ་བཟོས་པ་དང་འབྲེལ་གསར་བརྗེས་བྱས་པ་དང་སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་དང་གཞན་ལ་ལས་དོན་སྒྲུབ་རོགས་བྱེད་པ་སོགས་ཀྱི་ཁྱད་ལྡན་རྣམ་གྲངས་སྐྱེད་སྲིང་བྱས་པ་རེད། མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་དང་མཉམ་དུ་སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་པའི་ལས་དོན་ཁང་བཙུགས་ནས་ཕུལ་བྱུང་གི་ལས་བྱེད་པ་དང་། ཤེས་ལྡན་པ། རིགས་གཅིག་མཁས་ཅན་བཅས་800ལྷག་ཙམ་བསྡུས་ནས་ཆེད་ལས་ཀྱི་རྒྱབ་སྐྱོར་བྱས་ཡོད། ངོས་འཛིན་གསུམ་གྱི་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཀྱི་ལས་དོན་པ་700ལྷག་ཙམ་གྱིས་དྲ་རྒྱའི་དོ་དམ་པ་ཡོངས་ལ་འཚམས་འདྲི་བྱས་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་བསྡུ་རུབ་བྱས་པ་དང་ཆབས་ཅིག་རྒན་རྒོན་ལ་ཟ་མ་བཟོ་རོགས་དང་བྱིས་པ་སློབ་ཚན་གྲོལ་རྗེས་ཚབ་ཉར་བྱེད་པའི་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས་ཞབས་ཞུ་དེ་གཞན་དབང་ནས་དང་ལེན་བྱེད་པ་ནས་རང་འགུལ་ངང་ཤེས་རྟོགས་བྱེད་པར་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
ལམ་སྲོལ་གསར་གཏོད་ཐད། འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ།
སྤྱི་ཚོགས་ལས་དོན་པ་གནས་ཐུབ་པ་དང་ལས་དོན་ཡག་པོ་སྒྲུབ་པའི་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲེང་ཀོན་ཆུས་ཀྱིས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་ཚོད་འཛིན་དང་ལྕག་སྐུལ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོ་དམ་དང་། ཐོབ་ཐང་། མཐུན་སྦྱོར་བཅས་ཕྱོགས་གསུམ་ཐད་ནས་ལམ་སྲོལ་གསར་གཏོད་བྱས་ཡོད།
དོ་དམ་ཞིབ་ཚགས་ཅན་དུ་བཏང་ནས་ཚན་རྩལ་དང་ལམ་ལུགས་ཟུང་དུ་འབྲེལ་བའི་དོ་དམ་གཉིས་ཀྱི་རྣམ་པ་ཁྱབ་གདལ་དུ་བཏང་ནས་སྤྱི་ཚོགས་ལས་དོན་ཀུན་ཁྱབ་APPགསར་སྤེལ་རིམ་སྤོར་བྱས་པར་མ་ཟད། སོ་ལྟའི་འབྱོར་ཐོ་འགོད་པའི་ནུས་པ་དང་དུས་ཐོག་གི་རྗེས་ཤུལ་ལ་ལྟ་སྐུལ་ཚོད་འཛིན་བྱས་ཏེ་གནད་དོན་ཐད་སྙན་སེང་ཞུ་བ་དང་། ལས་འགན་སྤྲོད་པ། ཚུར་ལན་གདེང་འཇོག་བཅས་ཀྱི་གདུབ་ཟུམ་དོ་དམ་མངོན་འགྱུར་བྱས་ནས་ལས་ཕྱོད་ཆེ་རུ་བཏང་བ་རེད། སྔ་ཙམ་བཀོད་སྒྲིག་དང་ཕྱི་ཙམ་བཀོད་གཏོང་གི་ལམ་ལུགས་བཙུགས་ཏེ་སྤྱི་ཚོགས་ལས་དོན་སྒྲུབ་སྐབས་སྟོད་གོས་དམར་པོ་གྱོན་པ་དང་ལས་ཀའི་ལག་ཁྱེར་བསྟན་ནས་མཐོང་རུང་ཅན་གྱི་དོ་དམ་ལ་བརྟེན་ནས་ལས་གནས་ཐོག་ཡོད་པ་དང་། ལས་ཀ་བྱེད་བཞིན་པ། ལས་ཀའི་རྣམ་པ་རྒྱུན་འཁྱོངས་བཅས་ཀྱི་འགན་ལེན་བྱས་ནས་ལས་ཀར་སྒྱིད་ལུག་མི་བྱེད་པའི་བླང་བྱ་བཏོན་པ་རེད།
སྐས་རིམ་ཅན་གྱི་འགན་ལེན་ལ་བརྟེན་ནས་གླ་ཕོགས་དང་།འཚར་ལོངས། འཚོ་བ་བཅས་ཟུང་དུ་འབྲེལ་བའི་ཕྱོགས་མང་མ་ལག་བསྐྲུན་པ། དེ་ཡང་གླ་ཕོགས་ཐད་གཞི་རྩའི་གླ་ཕོགས་དང་ལས་རྗེས་བྱ་དགའ། ལག་ཁྱེར་ཁ་གསབ་ཀྱི་བྱ་ཐབས་ལག་ལེན་བསྟར་ནས་སྤྱི་ཚོགས་ལས་དོན་པའི་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར་4700ཟིན་པ་དང་འབྲིང་རིམ་སྤྱི་ཚོགས་ལས་དོན་པའི་ལག་ཁྱེར་ཡོད་མཁན་ལ་ཟླ་རེར་སྒོར་480ཐོལ་པ་སྤྲོད་ཀྱི་ཡོད། འཚར་ལོངས་ཐད་ཕྱོགས་གཉིས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ་སྤྱི་ཚོགས་ལས་དོན་པ་དང་སྡེ་ཁུལ་ལས་བྱེད་པའི་གནས་སྤོར་ཐབས་ལམ་ཤར་གཏོང་བྱས་པ་དང་ཕུལ་བྱུང་གི་སྤྱི་ཚོགས་ལས་དོན་པ་9ཨུ་ལྷན་གཉིས་ཀྱི་ཚན་ཁག་ནང་ཞུགས་ནས་ལས་རིགས་ཀྱི་གནས་སྤོར་བཀག་རྒྱ་མེད་པར་བཟོས་པ་རེད། འཚོ་བའི་ཐད་སྤྱི་ཚོགས་ལས་དོན་པའི་ཁྱིམ་གཞིས་བསྐྲུན་ནས་མི་280ཡི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་21སྒྱུར་བཀོད་བྱས་པ། ངལ་གསོ་རྒྱག་ས་62(ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཆུང་ངུ)བསྐྲུན་ནས་སྤྱི་ཚོགས་ལས་དོན་པར་སྐྱིད་སྣང་དོད་པའི་ཁོར་ཡུག་གཅིག་བཏོད་ཡོད།
མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས་སྡེ་ཚན་མང་པོ་མཉམ་འགུལ་གྱི་རྣམ་པ་ཞིག་ཆགས་པར་བྱས་པ། དེ་ཡང་ཏང་གིས་སྡེ་ཁུལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་བཀོད་སྒྲིག་ནང་བཅུག་ཡོད། གྲོང་ཨུད་རྩ་འཛུགས་པུས་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་མི་སྤྱི་དང་ནོར་སྲིད་སོགས་སྡེ་ཚན་དང་མཉམ་དུ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཐོབ་ཐང་ཚོད་རྩིས་དང་མ་དངུལ་འགན་ལེན་སོགས་ཀྱི་དཀའ་གནད་ཐག་གཅོད་བྱས་པ་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་། སྡེ་ཚན་མང་པོས་མཉམ་འགུལ་བྱེད་པ། ཆུས་དང་ཁྲོམ་གཞུང་མཐུན་སྦྱོར་བྱེད་པ་བཅས་ཀྱི་ལས་དོན་སྤེལ་འགོ་ཚུགས་ནས་དུས་བཀག་ལྟར་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ་གནད་དོན་གསེད་བཀྲོལ་དང་ཐབས་ཇུས་བཟོས་ཏེ་སྲིད་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།
མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གནད་སྨིན་བསྡུ་ལེན་དང་། འབེན་དམིགས་ཀྱི་ནུས་པ་འདོན་པ། ལམ་སྲོལ་གསར་གཏོད་བཅས་བྱས་པ་བརྒྱུད། བརྒྱུད་རིམ་ལྡན་ལ་འཐུས་སྒོ་ཚང་བའི་སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་བསྐྲུན་ནས་དཔུང་ཁག་གི་ཆེད་ལས་བྱང་ཚད་མཐོ་རུ་དང་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་ཡོད། འབྲེལ་ཡོད་འགན་འཁུར་བས་འབྱུང་འགྱུར་ཁྲེང་ཀོན་ཆུས་ཀྱིས་མུ་མཐུད་དུ་འཚོལ་ཞིབ་གཏིང་ཟབ་དང་ལས་རིགས་མ་ལག་འཛུགས་སྐྱོང་ལེགས་སུ་བཏང་ནས་སྡེ་ཁུལ་གྱི་ལས་དོན་པ་གཞི་རིམ་བཅོས་སྐྱོང་གི་གཙོ་ཤུགས་དམག་ཏུ་འགྱུར་བར་བྱས་ཏེ་ཞི་མཐུན་སྡོད་མལ་དང་བཅོས་སྐྱོང་ནུས་ལྡན་གྱི་སྡེ་ཁུལ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང)
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社