分享按钮

ལྷ་སའི་ཚོང་ཟོག་སྤུས་ལེགས་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)ཐོག་སོ་གཉིས་པར་ལྷ་སའི་ཚོང་ཟོག་སྤུས་ལེགས་དང་། མཁོ་ཚོང་ཞིང་སྐྱོར་གྱི་ཐད་གཏོང་ཁང་། དེ་བཞིན་AIཐད་གཏོང་ཁང་བཅས་ཡོད་པ་དང་། ད་ཆ་རྒྱལ་ནང་གི་འཐབ་ས་དང་པོའི་ཚད་གཞི་དང་མཐུན་པའི་ཐད་གཏོང་ཁང་6གིས་དེང་རབས་ཚན་རྩལ་ལ་བརྟེན་ནས་ཐོན་རྫས་ཁྱབ་གདལ་དུ་གཏོང་རྒྱུར་ནུས་པ་འདོན་ཐུབ་ཀྱི་ཡོད། ཐོག་སོ་གསུམ་པར་ཕྱོགས་བསྡུས་མགྲོན་ཐུག་ཁུལ་བཙུགས་ཡོད་པ་དང་། ཚོང་དོན་ངོ་འཕྲད་གྲོས་མོལ་དང་མཉམ་ལས་སྤེལ་རེས་ལ་སྤྱོད་ཀྱི་ཡོད། མིག་སྔར་རྟེན་གཞི་དེས་ཉམས་མྱོང་ཕུན་སུམ་ཚོགས་པའི་དྲ་ཐོག་ཚོང་དོན་ལས་སྟེགས་དང་མཉམ་ལས་ཧུར་ཐག་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་གཞུང་ཕྱོགས་ཁྱུག་དབྱིངས་ཨང་རྟགས་དང་དེ་བཞིན་མཉམ་ལས་བྱས་པའི་དྲ་ཐོག་ཚོང་དོན་ལས་སྟེགས་ཨང་རྟགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཐད་གཏོང་བརྒྱུད་ནས་ཚོང་ཟོག་འཚོང་བའི་བྱེད་སྒོ་གང་ལེགས་སྤེལ་ཏེ་བོད་ཀྱི་ཚོང་ཟོག་བོད་ནས་ཕྱིར་ཐོན་པའི་དྲ་ཐོག་གི་བགྲོད་ལམ་གསར་པ་བཏོད་ཡོད་པ་རེད།

བོད་ལྗོངས་ངོ་མཚར་མི་ཚེའི་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཅིན་ཏན་གྱིས་ང་ཚོས་བྱ་ཐབས་རབ་དང་རིམ་པ་བརྒྱུད། བོད་ཀྱི་ཐོན་རྫས་དེ་བས་མང་བ་ན་གཞོན་འཛད་སྤྱོད་པ་དང་སྦྲེལ་མཐུད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཐོན་རྫས་དེ་འཛད་སྤྱོད་པས་དང་ལེན་བྱེད་སླ་བའི་རྣམ་པའི་ཐོག་ནས་བརྒྱུད་སྤེལ་བྱས་ཏེ། མཐར་ཕྱིར་ཚོང་གི་གཞི་ཁྱོན་ཡག་པོ་ཞིག་ཆགས་པ་བྱེད་ཀྱི་ཡོད། ཕྱིས་འབྱུང་། ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་དང་བདེ་ཐང་ཆེན་པོའི་སྐོར་གྱི་ཐོན་རྫས་ཁྲོད་ནས་སྤུས་ལེགས་ཐོན་རྫས་དེ་བས་མང་བ་སྔོག་འདོན་བྱས་ཏེ། བྲིན་ཁ་རྒྱུག་པའི་ཚོང་ཟོག་3ནས་5བར་ནུས་ཤུགས་ཡོད་རྒུས་བཏོད་ནས་ལོའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་ལས་བརྒལ་བའི་དམིགས་ཚད་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

རྟེན་གཞི་དེའི་ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་ཤིང་། དེའི་ནང་བཟའ་བཅའ་དང་། རིག་གནས་གསར་གཏོད་བཟོ་རྩལ་ཐོན་རྫས། ལུས་གསོའི་ཐོན་རྫས་སོགས་ལྷ་སའི་ཁྱད་ལྡན་ཐོན་རྫས་སྣ་ཁ་20ལྷག་ཙམ་ཡོད། དེའི་ནང་ནས་ཚགས་ཤ་སྐམ་པོ་དང་ནས་ཀྱི་ཞིམ་ཟས་སོགས་བྲིན་ཁ་རྒྱུག་པོ་ཡོད། ཚོད་ལྟའི་འཁོར་སྐྱོད་བྱས་པ་ནས་བཟུང་། རྟེན་གཞི་དེའི་ཕུན་སུམ་ཚོགས་ཤིང་སྤུས་ཀ་ལེགས་པའི་བོད་ཀྱི་ཚོང་ཟོག་སྤུས་ལེགས་ལ་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད། སླད་ཕྱིན་རྟེན་གཞི་དེས་ཐོན་རྫས་ཀྱི་སྤུས་ཚད་ཀྱི་འགག་སྒོར་མུ་མཐུད་ནས་ཚོད་འཛིན་ནན་པོ་བྱས་ཏེ། ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཚོང་གཉེར་གྱི་བསམ་ཕྱོགས་གསར་གཏོད་ཧུར་ཐག་བྱེད་པ། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ས་ཁུལ་གྱི་དངོས་པོ་ཡག་པོ་དེ་བས་མང་བ་རྒྱལ་ཡོངས་སུ་ཁྱབ་པར་བྱེད་པ་བཅས་བྱས་ནས། བོད་ཀྱི་ཚོང་ཟོག་བོད་ནས་ཕྱིར་ཐོན་རྒྱུར་རྒྱུན་ཆད་མེད་པར་སྒུལ་ཤུགས་སྣོན་རྒྱུ་ཡིན་པ་དང་། ལས་སྟེགས་དེ་ཞིང་པར་འབབ་འཕར་ཡོང་བའི་གསེར་གྱི་ལྡེ་མིག་ལྟ་བུ་དང་། ལྷ་སའི་གྲགས་རྟགས་ཀྱི་དྲིལ་བསྒྲགས་ལག་དེབ། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྦྲེལ་མཐུད་བཅས་སུ་འགྱུར་བར་བྱ་རྒྱུ་རེད།

གྲོང་ཁྱེར་ཚོང་དོན་ཅུས་མཁོ་ཚོང་ཁང་གི་ལས་དོན་པ་ཡུས་ཞའོ་ལུང་གིས་ཅང་སུའུ་བོད་སྐྱོར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལྷ་སའི་ཚོང་ཟོག་སྤུས་ལེགས་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་བསྐྲུན་ནས་འགྲེམས་སྟོན་དང་། བྲིན་ཚོང་། ངོ་འཕྲད་གྲོས་མོལ་བཅས་གཞི་གཅིག་ཅན་གྱི་ཞིང་སྐྱོར་བྱེད་སྟངས་གསར་པ་ཞིག་བཏོད་ཡོད། རྗེས་མར་ང་ཚོས་ཕྱོགས་ཁག་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་ལྷ་སའི་ཚོང་ཟོག་སྤུས་ལེགས་དེ་བས་མང་བ་རྒྱལ་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཚོང་ཟོག་བོད་ནས་ཕྱིར་ཐོན་པའི་ལས་དོན་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 6 6 拉萨日报藏文 c208806.html 1 ལྷ་སའི་ཚོང་ཟོག་སྤུས་ལེགས་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུགས་པ། /enpproperty-->