སྒྲ་སྙན་ལ་པི་ཝང་རྒྱུད་དྲུག་མ་ཟེར་ཞིང་། དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་བོད་ཀྱི་གནའ་བོའི་ལྡེབས་རིས་དང་ཚད་ལྡན་ཡིག་ཆའི་ནང་འཁོད་ཡོད། 2014ལོར། སྒྲ་སྙན་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པའི་མིང་གཞུང་ནང་ཚུད་ཡོད་པ་དང་། ད་ཆ་སྒྲ་སྙན་དཀྲོལ་གཏོང་ལ་སློབ་སྦྱོང་བྱ་རྒྱུ་དེ་ལྷ་སའི་སློབ་གྲྭ་འབྲིང་ཆུང་ཁག་གི་བྱང་ཚད་མཐོར་གཏོང་གི་སློབ་ཚན་དང་དགའ་མོས་འཛིན་གྲྭར་བཀོད་སྒྲིག་བྱས་ནས་ཕྲུ་གུ་ཚོས་ཆུང་དུས་ནས་སྒྲ་སྙན་དང་འབྲེལ་གཏུག་བྱེད་པ་དང་སྒྲ་སྙན་དཀྲོལ་གཏོང་གི་ཤེས་བྱར་སློབ་སྦྱོང་བྱེད་བཞིན་ཡོད། པར་འདི་ནི་ཟླ་9ཚེས་9ཉིན། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་དགེ་རྒན་བློ་བཟང་ཚེ་རིང་ལགས་ཀྱིས་ཕྲུ་གུ་ཚོར་སྒྲ་སྙན་དཀྲོལ་སྟངས་སློབ་བཞིན་པའི་རྣམ་པ་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བླངས། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)