(པར་ངོས་གཉིས་པར་མཐུད)བཟོ་རྩལ་འགྲེམས་སྟོན་ཁུལ། རིག་གནས་ཉམས་ལེན་ཁུལ།ངོ་འཕྲད་གྲོས་མོལ་ཁུལ་སོགས་སུ་དབྱེ་ཡོད། ད་དུང་ཡུལ་དངོས་སུ་གཟིམ་སྤོས་བཟོ་བའི་ཉམས་ལེན་དང་། འཚེམ་དྲུབ་ཉམས་ལེན། བོད་ཤོག་ཡིག་གཟུགས་ཀྱི་མྱོང་རོལ། བོད་ཆས་ཉམས་ལེན་སོགས་ཀྱི་མཉམ་འགུལ་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་ཅིང་། ཉམས་ལེན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་སྲོལ་རྒྱུན་འགྲེམས་སྟོན་གྱི་ཕྱོགས་རྐྱང་པའི་བརྒྱུད་སྤེལ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས།ལྟ་སྐོར་བར་མཉམ་ཞུགས་ཀྱི་མྱོང་བ་ཆེན་པོ་སྦྱིན་ཡོད་པ་དང་།མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དངོས་འབྲེལ་ཚོར་ནས།ལྟ་སྐོར་བ་མང་པོས་ལྟ་སྐོར་དང་།བློ་འདྲི།སྤེལ་རེས་བཅས་བྱ་རྒྱུའི་ཡིད་དབང་བཀུག་པས་འགྲེམས་ཁུལ་ནང་གི་མི་ཚོགས་མང་ཤོས་ཀྱི་ས་ཁོངས་ཤིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཏུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་། ཏང་དང་རྒྱལ་ཁབ་ལ་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱ་ཆེད། རྟེན་འབྲེལ་མཚོན་རྟགས་སྦྱོར་བ་དང་། ཚོན་ཁྲ་ཅན་གྱི་དར་ཆ་འགེལ་བ། རྟེན་འབྲེལ་ཆེན་མོའི་དྲིལ་བསྒྲགས་པར་གཞི་སྟོན་པ། བོད་ཡིག་ཡིག་གཟུགས་དགེ་རྒན་གྱིས་ཡུལ་དངོས་སུ་སྨོན་ཚིག་བྲིས་ནས་ལྟ་སྐོར་བར་འབུལ་བ་སོགས་ཀྱི་རྣམ་པ་བརྒྱུད།མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཝུའེ་ཡིས།
ཞབས་ཞུའི་ཚོང་འདུས་ཀྱིས་ལྷ་སའི་བཟོ་རྩལ་མཛེས་རྩལ་ཁེ་ལས་ལ་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་དང་། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་རྩ་ཆེའི་ལས་སྟེགས་མཁོ་འདོན་བྱས་ཡོད་པས། འགྲེམས་ཞུགས་ཁེ་ལས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་གཅིག་པ་དང་སྤེལ་རེས་བྱས་པ་བརྒྱུད། གོ་ལ་ཧྲིལ་པོའི་བཟོ་རྩལ་མཛེས་རྩལ་ཐོན་ལས་ཀྱི་འཕེལ་ཕྱོགས་གནད་སྨིན་ངང་ཁོང་དུ་ཆུད་ཐུབ་པ་དང་། ལག་རྩལ་གསར་གཏོད་དང་། ཐོན་རྫས་ཇུས་འགོད། གྲགས་རྟགས་གཉེར་སྐྱོང་སོགས་ཀྱི་ཐད་སྔོན་ཐོན་གྱི་འདུ་ཤེས་བསྡུ་ལེན་བྱས་ནས།ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་སྔར་བས་མཐོ་རུ་བཏང་བས།ལྷ་སའི་བཟོ་རྩལ་མཛེས་རྩལ་ཐོན་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། མིག་སྔར། ཞབས་ཞུའི་ཚོང་དོན་ཚོང་འདུས་དེ་པེ་ཅིན་དང་ལྷ་ས་ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་།ཐོན་ལས་མཐུན་སྦྱོར་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད།
ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཞབས་ཞུའི་ཚོང་འདུས་ཀྱི་ལས་སྟེགས་ཀྱི་ལེགས་ཆར་བརྟེན་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ།ཁྲོམ་ར་དང་། གྲགས་རྟགས། ལག་རྩལ་སོགས་ཐད་ཀྱི་རྒྱལ་ཁབ་ཕྱི་ནང་གི་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས།ལེགས་ཆ་གསབ་རེས་དང་། ཕན་ཚུན་མཐུན་སྦྱོར་དང་འཕེལ་རྒྱས་ཡོང་བར་བྱས་ཏེ། ལྷ་སའི་བཟོ་རྩལ་མཛེས་རྩལ་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社