(པར་ངོས་དང་པོར་མཐུད)གོ་བ་གཏིང་ཟབ་ལེན་པ། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ལྷ་སའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། རང་རྟོགས་ངང་རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་པ་དང་ལག་ལེན་པ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཁྲོད་དུ་གཞི་ཚུགས་པའི་ལེགས་ཆ་འདོན་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། དུས་རབས་གསར་པའི་ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱེད་དགོས། དུས་རབས་ཀྱི་གཙོ་དོན་ལ་དམ་པོར་དམིགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བཅས་བྱས་ནས་དུས་རབས་གསར་པའི་ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། ཟླ་བ། ཚེ་རིང་དོན་གྲུབ། དྲུང་ཆེ་ཧོ་ཅིང་ཧྭ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社