བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱིས“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས།མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད།
ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་དཔྱོད་ཀྱི་ལས་གནས་ཐོག་ལོ་ངོ་40ལྷག་ཙམ་ཕྱག་ལས་གནང་མྱོང་བའི་གཡང་འཛོམས་ཀྱིས་ལོ་ངོ་60རིང་གི་འཕེལ་རྒྱས་ཆེན་པོ་དངོས་སུ་བརྒྱུད་མྱོང་བ་དང་འབྲེལ་དཔང་པོ་ཡང་བྱས་ཡོད། གཡང་འཛོམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད། ཏང་གིས་གསོ་སྐྱོང་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་ཏང་ལ་བཅངས་པའི་དྲིན་ཚོར་གྱི་བརྩེ་སེམས་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས། ཚེ་མཇུག་སྐྱིད་པོ་ཡོང་བར་བྱེད་པ་དང་ཆབས་ཅིག་ཏང་དང་མི་དམངས་ལ་རང་ཉིད་ཀྱི་སྟོབས་ཤུགས་མུ་མཐུད་ནས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
བགྲེས་སོང་གཡང་འཛོམས་ཀྱིས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཚོམས་ཆེན་ནང་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་སྐོར་གླེང་སྐབས། བགྲེས་སོང་གི་མིག་ཟུང་ལས་ཏང་གི་བྱ་གཞག་ལ་དགའ་ཞེན་ཚད་མེད་དང་དོན་གཉེར་བྱེད་ལུགས་སྔར་བཞིན་བརྟན་པོ་ཡོད་པ་ཚོར་ཐུབ། ཁོང་གིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིཊ་ན། 1967ལོར། ལོ་14ལ་སླེབས་པའི་ཁོང་གཞོན་ནུ་ཤེས་ཡོན་ཅན་ཞིག་གི་ངོས་ནས་གཞིས་ཀ་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དུ་ངལ་རྩོལ་ལོ་གསུམ་བྱས་པ་དང་། དེ་རྗེས་སླར་ཡང་བོད་ལྗོངས་མི་རིགས་སློབ་གླིང་ཆབ་སྲིད་ཚན་ཁག་ཏུ་སློབ་མ་ནས་དགེ་རྒན་ཞིག་ཏུ་འགྱུར་ཡོད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社