分享按钮

ལྷ་ས་གྲོང་ཁྱེར་དུ་དཔྱིད་རླུང་དལ་བུར་ལྡང་། ས་མཐོའི་བུ་ཕྲུག་ཚོས་མཉམ་དུ་ལེའུ་གསར་བརྩམས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་པར་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ཟླ་8ཚེས་20ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་སར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་རེད། ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དྲོ་སྐྱིད་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཕེབས་རྗེས་བོད་ཀྱི་ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་བཞིན་མཆིས། དེ་ནི་བོད་ཀྱི་དེ་སྔའི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་གནང་བ་ཞིག་ཡིན་པར་མ་ཟད། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་པ་ཞིག་ཀྱང་རེད། ཚང་མས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

བོད་ལྗོངས་ཅ་ཧོ་ཚོགས་པའི་ལས་མི་རིན་ཆེན་བཟང་པོས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོའི་དམངས་གཉེར་ཁེ་ལས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ཁེ་ལས་འཕེལ་རྒྱས་དང་བོད་ཀྱི་ཁྱད་ལྡན་ཟུང་འབྲེལ་བྱེད་ས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། སླད་ཕྱིན་ང་ཚོ་རང་འགུལ་ངང་ལས་ཞུགས་རོགས་སྐྱོར་དང་སློབ་གསོའི་རྒྱབ་སྐྱོར་སོགས་སྤྱི་ཕན་བྱ་གཞག་ནང་ཞུགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་ཆེད་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ།བསོད་ནམས་ཆོས་སྒྲོན་ཆེ་བ།ཆི་ཡུང་ཁྲང་།མོའུ་རུའེ་དབྱིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་པར་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c207306.html 1 ལྷ་ས་གྲོང་ཁྱེར་དུ་དཔྱིད་རླུང་དལ་བུར་ལྡང་། ས་མཐོའི་བུ་ཕྲུག་ཚོས་མཉམ་དུ་ལེའུ་གསར་བརྩམས། /enpproperty-->