(པར་ངོས་དང་པོར་མཐུད)རིམ་པ་བཅས་ལ་སྤྱི་འདོམས་བསམ་གཞིགས་བྱེད་པ གཅིག་གྱུར་འཆར་འགོད་དང་ཁག་བགོས་ཇུས་འགོད་བྱེད་པ། ཆུ་འཕྲོད་གྲོང་ཁྱེར་དང་སྔོ་ལྗང་གྲོང་ཁྱེར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་ནུས་པ་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལོ་རྒྱུས་དང་། གྲོང་ཁྱེར། མི་དམངས་བཅས་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་གྲོང་ཁྱེར་གྱི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཞིབ་ཚགས་བྱེད་པ་དང་། རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་དང་གྲངས་ཚང་ངང་སྤྲོད་པ། ཁྲིམས་འགལ་ངང་ཁག་བགོས་འགན་གཙང་གཞན་སྤྲོད་ཀྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ཏེ་ཉི་འོད་འདུ་འགོད་དང་། སྤུས་ལེགས་འདུ་འགོད། བསྔགས་བརྗོད་འདུ་འགོད་བཅས་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཡུལ་བབ་དང་བསྟུན་པ་དང་ཕྱོགས་བསྡུས་སྡེབ་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་རིམ་ལྡན་པ་དང་། ཚོགས་སྒྲིག་རྣམ་པའི་བཀོད་པ། གཙོ་དོན་ཅན་གྱི་བླ་སྲོག་གཏོད་པ་བཅས་ཀྱི་གྲོང་ཁྱེར་སྐྱེད་ཚལ་གྱི་མཛེས་ལྗོངས་ཞིབ་ཚགས་བཏོད་དེ་ས་མཐོའི་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་གྱི་ལྗང་མདོག་ཉམས་འགྱུར་དང་རིག་གནས་ཉམས་འགྱུར་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་ཏེ་གཙང་སྦྲའི་ཁུག་ཀྱོག་དང་། སྐྱོན་ཆ་ཡོད་པའི་ལམ་ངོས་སོགས་ཀྱི་གཙང་སྦྲ་ཞན་པའི་བཅོས་སྒྲིག་ལ་དམ་འཛིན་ཞིབ་ཚཊ་དང་དམ་འཛིན་ཏན་ཏིག་བྱས་ནས་དོ་དམ་གྱི་ལག་ལེན་ཁྲོད་ནས་ཉམས་མྱོང་ཕྱོཊ་སྡོམ་དང་མི་འདང་ས་ལེགས་སུ་བཏང་སྟེ་གཙང་ལ་མཛེས་སྡུག་ལྡན་པ་དང་ཚད་ལྡན་དང་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་གཏོད་དགོས།
(ལྷག་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社