ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམངས་འཚོ་ནི་གལ་འགངས་ཤིན་ཏུ་ཆེ། ཉེ་ཆར་འཚོཊ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོཊ་འདུའི་ཐོག་དམངས་འཚོ་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཀྱི་སྟོན་ཕྱོཊ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ།ཐོན་སྐྱེད་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུཊ་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
དཔལ་འབྱོར་འཕེལ་རྒྱས་ཇི་ཙམ་མགྱོགས་ན་དམངས་འཚོའི་ལས་དོན་དེ་ཙམ་གྱིས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དང་བསྟུན་ནས་གྲུབ་འབྲས་དང་ཕན་འབྲས་དངོས་ལ་བརྟེན་ནས་དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཉེ་ཆར།2025ལོའི་དབྱར་གསེང་རིང་པེ་ཅིང་ས་ཁུལ་གྱི་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་གདན་ཞུའི་འདུ་ཚོགས་ཐེངས་དང་པོ་དང་སློབ་ཆེན་ཐོན་པའི་སློབ་མའི་ཆེད་དོན་གདན་ཞུའི་འདུ་ཚོགས་རྒྱལ་ཡོངས་ཞིང་ལས་འགྲེམས་སྟོན་ཁང་དུ་འཚོགས་པ་རེད། མི་སྤྱོད་ཚན་པ་160ལྷག་ཙམ་གྱིས་ལས་གནས་2600ཙམ་མཁོ་འདོན་བྱས་ཡོད་པས་སློབ་ཐོན་སློབ་མ་མང་པོ་ཞིག་བློ་འདྲི་དང་ཤེས་རྟོཊ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
ངོ་སྤྲོད་བྱས་པར་གཞིཊ་ན། འདི་ལོའི་ལོ་མཇུག་གོང་པེ་ཅིང་གྲོང་ཁྱེར་གྱིས་མིང་ངོ་མ་འགོད་པའི་རོཊ་སྐྱོར་དང་ལས་ཞུཊ་ཁེ་དབང་སྲུང་སྐྱོང་སོཊ་གཞོན་ནུའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད།
ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། འདི་ལོ་ཤར་ཚུན་རང་རྒྱལ་གྱིས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད་པས། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་695གསར་དུ་ལས་ཞུགས་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆ་58ལེགས་གྲུབ་བྱུང་ཡོད། མིག་སྔར་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་སྤྱི་འབོར་གྱི་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད།
2025ལོའི་སློབ་ཆེན་ཐོན་པའི་སློབ་མ་ཁྲི་1222ཟིན་པའི་ནང་མང་ཆེ་བ་ལས་ཞུགས་ཁྲོམ་རར་ཞུགས་པ་དང་ཁག་གཅིག་ད་དུང་ལས་དོན་དོན་འཁྱོལ་བྱུང་མེད། གཞན་ཡང་འདི་ལོ་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་མི་ཁྲི་3000ཡན་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ད་དུང་གྲངས་འབོར་ངེས་ཅན་གྱི་གྲོང་གསེབ་ཀྱི་གཞན་སྒྱུར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།
ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཀྱི་དམིཊ་ཚད་ལས་འགན་ལ་དམིགས་ནས་ལོ་ལྔ་ཚན་བཅུ་བཞི་པ་བདེ་བླག་ངང་མཇུག་འགྲིལ་བར་བྱེད་པར་ངེས་པར་དུ་ཚོཊ་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་ཞུཊ་སྔོན་ལ་དོན་འཁྱོལ་བྱེད་པའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ། བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་སློབ་ཆེན་ཐོན་པའི་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི།ཞིང་པ་ལས་མི་སོཊ་གཙོ་གནད་ཚོཊ་སྤྱིའི་ལས་ཞུཊ་ལ་སྐུལ་འདེད་གཏོང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉིན་ཤས་གོང་ལས་གནས་བརྟན་གཏོང་དང་ལས་གནས་རྒྱ་ཆེར་གཏོང་བའི་ཆེད་དོན་དངུལ་བུན་གྱི་རྒྱབ་སྐྱོར་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་དང་ཕྱིར་སློག་གི་བསྡུར་ཚད་མཐོ་རུ་གཏོང་བ། དེ་བཞིན་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ཁྱབ་ཁོངས་ཆེ་རུ་གཏོང་བ་སོཊ་ཀྱི་བརྡ་ཐོ་བཀྲམ་ནས་ཕྱོཊ་བདུན་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་བཏོན་ཏེ་ལས་ཞུཊ་བརྟན་པོ་ཡོང་བར་བྱས་ཡོད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་སྲིད་ཇུས་ཞིབ་འཇུག་སིའི་སི་ཀྲང་ཚུའེ་ཕུང་ཁྲེང་གིས་སླད་ཕྱིན་ལས་གནས་བརྟན་པོ་དང་ལས་གནས་རྒྱ་ཆེར་གཏོང་བ་དང་། གཙོ་གནད་ཚོགས་སྤྱིར་ལས་ཞུགས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་རྩལ་ནུས་གསོ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཕྱོགས་བཞིར་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་རྒྱལ་ཁབ་ཕྱི་ཕྱོགས་སྒོ་དབྱེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཁྲང་ཨན་གྱིས་ས་གནས་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ།སྲིད་ཇུས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ལས་ཞུགས་ཀྱི་གཞི་རྩ་བརྟན་དུ་གཏོང་དགོས་ཞེས་བཤད།
གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社