ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་ཞིབ་ཚགས་དོ་དམ་གྱི་ལོ་དཀྱིལ་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཕེབས་ཡོད་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་བསྟན་འཛིན་ཆོས་གྲགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། གྲོང་ཁྱེར་ལས་དོན་སྐོར་གྱི་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འབྲེལ་ཡོད་ཚོཊ་འདུ་དང་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲཊ་དང་སློབ་སྦྱོང་བྱས་པ་དང་། 《ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཁག་གི་གྲོང་ཁྱེར་དོ་དམ་ཁྱབ་ཁོངས་ཀྱི་མཚོན་བྱེད་དཔེ་རིས》པར་འགྲེམས་བྱས་ཤིང་། འབྲེལ་ཡོད་སྡེ་ཚན་དང་། ཁྲོམ་གཞུང་། སྡེ་ཁུལ་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།
ཞུས་ཧའེ་ཡིས་སྐུལ་སྤེལ་ཚོགས་འདུ་ནི་གྲོང་ཁྱེར་ཞིབ་ཚགས་དོ་དམ་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་པ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་རྟེན་འབྲེལ་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཅིག་ཀྱང་རེད། མིག་སྔར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་པ་དང་། གྲོང་ཁྱེར་ཞིབ་ཚགས་དོ་དམ་བྱ་རྒྱུ་ནི་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་བྱ་ཐབས་ཡག་པོ་ཞིག་ཡིན་པས་གྲོང་ཁྱེར་དོ་དམ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ་རེད།
ཞུས་ཧའེ་ཡིས་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གཅིག་གྱུར་དང་། ཞིབ་ཚཊ། མཉམ་འདྲེས། རིག་སྟོབས་བཅས་ཕྱོཊ་བཞིའི་ཐད་གཙོ་གནད་ཐོག་མུ་མཐུད་ཤུཊ་སྣོན་རྒྱག་དགོས། རིམ་ཁག་ལས་བྱེད་པས་འགན་འཁྲི་ནན་དུ་གཏོང་བ་དང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་བ་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་པ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དང་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་ཕྱོཊ་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། ཕུལ་བྱུང་གི་གྲུབ་འབྲས་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན་ཡོད། (པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社