(པར་ངོས་དང་པོར་མཐུད)འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། ཉེན་སྐྱོབ་གེགས་སེལ། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་འགན་ཁྲོད་ནུས་པ་གལ་ཆེན་བཏོན་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད། ལྷ་སར་བཅའ་སྡོད་རྒྱ་ཆེའི་དཔུང་སྡེའི་དཔོན་དམག་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། ལྷ་སའི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག དཔུང་སྡེའི་ནུས་པ་བཅས་ལ་དམིགས་པ་དང་། འབད་འབུངས་ཡར་བརྩོན་དང་འཇོན་ཐང་ཆེ་རུ་བཏང་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སླར་ཡང་ལེགས་སྐྱེས་འབུལ་བ་དང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བྱེད་སྒོའི་ནང་ཤའོ་ཡིའུ་ཚའེ་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་དམག་དོན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་དང་། དེའི་རྗེས་མཉམ་དུ་སྦྱོང་བརྡར་གྱི་སློབ་ཚན་འཁྲབ་སྟོན་དང་བྱེས་འཐབ་མ་བྱན་སོགས་ལ་ལྟ་སྦྱོང་གནང་བ་རེད། ཤའོ་ཡིའུ་ཚའེ་ཡིས་དམག་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་ནི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་དམག་དཔུང་དང་ས་གནས་དབར་མཉམ་ལས་ཟབ་ཏུ་གཏོང་བ་དང་། དམག་དམངས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། གཉིས་བཀུར་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྩེ་སེམས་འཆང་བ་དང་འགན་འཁྲི་ཁུར་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མི་གོང་བཀུར་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་གཏོད་པ། དམག་སྲིད་དང་དམག་དམངས་གཅིག་སེམས་གཅིག་སྦྲེལ་དང་། བདེ་སྡུག་མཉམ་མྱོང་། ལས་དབང་གཅིག་མཐུན་བཅས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་དང་ས་གནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་ནན་གསུངས་གནང་བ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社