ཉེ་དུས།ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་ལས་དོན་ཐད་ཀྱི་དྲ་དམངས་ཀྱི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་དམངས་ཀྱི་གནས་ཚུལ་གཏིང་ཟབ་ངང་ཤེས་རྟོགས་དང་།དམངས་ཀྱི་འབོད་སྒྲར་ཉན་པ།དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་དང་།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་ལོ་ལྔ་ཚན་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་བཤད།
ད་ལོའི་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར།ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་ལས་དོན་ཐད་དྲ་རྒྱའི་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་སྤེལ་བར་རིམ་རྩིས་བྱས་ན་དྲ་དམངས་ཀྱི་བསམ་འཆར་ཁྲི་311.3ལྷག་ཙམ་འབྱོར་བ་དང་།ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ནང་།ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་ལས་དོན་གྱི་དྲ་རྒྱའི་བསམ་འཆར་བསྡུ་ལེན་བྱེད་སྒོའི་ནང་ཞུགས་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད་ཅེས་བསྟན་གནང་ཡོད།
དེའི་ཐད་ཆིང་ཧྭ་སློབ་ཆེན་ཀྲུང་གོ་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཏུང་ཡུས་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་།ཁོང་གིས་ད་ཐེངས་ཀྱི་དྲ་རྒྱའི་བསམ་འཆར་ལ་བསྡུ་ལེན་བྱེད་པའི་དམིགས་ཡུལ་ནི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ལེན་ཁྲོད་གསར་གཏོད་བྱས་པའི་ཉམས་མྱོང་གསར་པར་བསྡུ་ལེན་གང་ལེགས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གཉེར་ཕྱོགས་མངོན་པར་བྱས་ནས་མི་དམངས་རྣམས་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པར་བྱ་རྒྱུ་དེ་རེད་ཅེས་བཤད།
ད་ཐེངས་ཀྱི་དྲ་རྒྱའི་བསམ་འཆར་བསྡུ་ལེན་བྱེད་སྒོའི་ཁྲོད།ཡུན་ནན་ཞིང་ཆེན་ཧེ་ཆིང་རྫོང་སློབ་འབྲིང་གཉིས་པའི་སློབ་སྤྱི་དབྱང་ཡིའུ་སུང་ཧུར་བརྩོན་ཆེན་པོས་ཞུགས་པར་མ་ཟད།གྲོང་གསེབ་ཀྱི་སློབ་གསོའི་གྲངས་འཛིན་ཅན་གྱི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་དགོས་པ་དང་།མཉམ་ཁྲིད་བུ་ཕྲུག་ཐག་ཉེ་སར་སློབ་ཞུགས་བྱེད་པའི་སྲིད་ཇུས་ལེགས་སུ་གཏོང་དགོས་པ་སོཊ་ཀྱི་གྲོས་འགོ་ཡང་བཏོན་པ་རེད། དབྱང་ཡིའུ་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།ངས་མུ་མཐུད་ནས་ལས་དོན་དངོས་ནས་འགོ་བཙུགས་ཏེ་ཕྲུ་གུ་ཚོར་འཕྲད་པའི་གནད་དོན་དང་སློབ་ཁྲིད་ཁྲོད་བསམ་བློ་འཁོར་བའི་གྲོས་འགོ་དུས་ཐོག་ཏུ་གོང་ཞུ་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ད་ལོའི་ཚུན་དུ།ཀོང་ཏུང་ཧུའེ་ཐེན་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སིས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་གྱི་དཀའ་གནད་མང་པོ་ཁྱད་བསད་བྱས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ཀུང་སི་སྲོལ་གཏོད་པ་པོ་ཀྲའོ་ཏེ་ལི་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་།ཁོང་གིས་འཕུར་སྐྱོད་རླངས་འཁོར་ནི་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་གལ་ཆེན་ཞིག་རེད།མི་རིང་བའི་གོང་འཚོགས་པའི་ཀོང་ཏུང་ཞིང་ཆེན་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་ལས་དོན་གྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ང་ཚོས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་ཁེ་ལས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་གྲོས་འགོ་ཁག་ཅིག་བཏོན་པ་དང་།འབྲེལ་ཡོད་ཚན་པས་ལན་ཧུར་ཐག་བརྒྱབ་པས།ང་ཚོའི་ལས་རིགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་བྱེད་ཤུགས་བརྟན་དུ་ཕྱིན་སོང་ཞེས་བཤད།
ལོ་ལྔའི་འཆར་འགོད་བཟོ་རྒྱུ་དེ་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད།རྒྱ་ཆེའི་དྲ་དམངས་ཀྱིས་བཏོན་པའི་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་ཚན་པས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་སིའི་སི་ཀྲང་གཞོན་པ་ཕེང་ཧྲི་དབྱིས་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་གནས་ས་ཞིག་རེད།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་བརྒྱུད་རིམ་ནང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社