分享按钮

རང་གྲོང་གིས་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པར་ཕེབས་སྐྱེལ་ཞུས་པ།

(པར་ངོས་དང་པོར་མཐུད)རང་རྟོགས་ངང་གཅུན་འདོམས་ནན་པོ་བྱས་པའི་འོག་འབད་འབུངས་ལས་གཏོད་བྱས་ཏེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ནས་པེ་ཅིང་དང་ལྷ་ས་ས་ཁུལ་གཉིས་པོ་རི་ཆུ་སྟོང་ཕྲག་གིས་ཆོད་ཀྱང་བརྩེ་སེམས་ཟབ་མོ་ཡོད་པ་མངོན་པར་བྱས་ཏེ་ས་ཁུལ་གཉིས་པོའི་ཏང་ཨུད་དང་སྲིད་གཞུང་དང་མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་དང་། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་ཁག་དང་རྫོང(ཆུས)ཁག་གི་ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི་བཅས་རང་འགུལ་ངང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་བཅའ་སྡོད་བྱ་ཡུལ་དང་གནམ་ཐང་དུ་ཕེབས་ནས་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་པའི་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཕེབས་སྐྱེལ་ཞུས་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ཚོ་ཕེབས་ལམ་བདེ་པོ་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་འགྲོ། བཀྲ་ཤིས་བདེ་ལེགས་བཅས་ཀྱི་སྨོན་བཟང་ཞུས་གནང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204682.html 1 རང་གྲོང་གིས་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པར་ཕེབས་སྐྱེལ་ཞུས་པ། /enpproperty-->