分享按钮

ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཅང་དབྱི་བཅས་པ་དང་བཞུགས་མོལ་གནང་བ།

(པར་ངོས་དང་པོར་མཐུད)ཁོང་གིས་ཀྲུང་གོ་ཧྭ་གློག་ཀུང་སི་དེ་ཉིད་ཀྲུང་དབྱང་གི་རྐང་འཛིན་ནུས་ཁུངས་ཀྱི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་ནུས་ཁུངས་གཙང་མ་གསར་སྤེལ་སོགས་ཐད་ཀྱི་ལག་རྩལ་སྔོན་ཐོན་དང་། ལས་སྒོ་རྒྱ་ཁྱབ། སྟོབས་ཤུགས་ཆེ་བ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཡོད། ལྷ་སར་དྭངས་གཙང་ནུས་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ཡོད་པས་ཕྱོགས་གཉིས་པོས་འབྲེལ་གཏུགས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྷ་སའི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུའི་རེ་བ་ཡོད་ལ། ལྷ་ས་གྲོང་ཁྱེར་གྱིས་ཀྱང་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ་ཁེ་ལས་ཀྱིས་ལྷ་སར་མ་འཇོག་གཉེར་སྐྱོང་བྱེད་པར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཅང་དབྱིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཚོགས་པའི་འཕེལ་རྒྱས་འཐབ་ཇུས་དང་ལྷ་སར་མ་འཇོག་བྱེད་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཀྲུང་གོ་ཧྭ་གློག་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལྷ་སའི་དགོས་མཁོ་དང་ཁེ་ལས་ཀྱི་ནུས་པར་གཞི་ཚུགས་ཏེ་ལྷ་ས་དང་མཉམ་དུ་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-21 6 6 拉萨日报藏文 c204566.html 1 ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཅང་དབྱི་བཅས་པ་དང་བཞུགས་མོལ་གནང་བ། /enpproperty-->