(པར་ངོས་དང་པོར་མཐུད)གྲུབ་འབྲས་འགྲེམས་སྟོན། གན་རྒྱ་འཇོག་པའི་མཛད་སྒོ་སོགས་རྣམ་པ་སྣ་ཚོགས་བརྒྱུད། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་ཐོན་ལས་ཕྱོགས་སྒྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཚོགས་ཆེན་འཚོག་རིང་། ཚད་གཞི་མཐོ་བའི་གཙོ་དོན་གླེང་སྟེགས་བཅུ་ལྷག་ཙམ་གྱིས་གྲངས་འཛིན་ལག་རྩལ་གསར་གཏོད་དང་། གྲངས་འཛིན་ཐོན་ལས་མཉམ་འདྲེས། གྲངས་གཞིའི་རྒྱུ་རྐྱེན་འཁོར་རྒྱུག གྲངས་འཛིན་བདེ་འཇགས་འགན་ལེན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས། ལས་རིགས་ནང་ཁུལ་གྱི་འབྲེལ་ཡོད་ཆེད་ལས་མཁས་པ་དང་ཁེ་ལས་མཁས་ཅན་གྱི་འཐུས་མི་རེས་མོས་ངང་གར་སྟེཊ་ཐོག་བསྐྱོད་དེ། རྩེར་སོན་གྱི་གྲངས་འཛིན་ལས་རྩལ་མཉམ་སྤྱོད་བྱས་ཤིང་། དེའི་ནང་མིས་བཟོས་རིག་ནུས་དང་། གྲངས་གཞི་ཆེན་མོ། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་འགག་སྒྲོལ་གྱི་གཏིང་ཟབ་པའི་དབྱེ་ཞིབ་ཡོད་ལ། སྲོལ་རྒྱུན་ཐོན་ལས་གྲངས་འཛིན་ཅན་དུ་བསྒྱུར་བའི་ལག་ལེན་གྱི་དཔེ་མཚོན་ཡང་ཡོད། དེ་བས་གྲངས་འཛིན་དཔལ་འབྱོར་གྱི་འབྱུང་ཁམས་འཛུགས་སྐྲུན་དང་རྒྱལ་སྤྱིའི་མཉམ་ལས་གོ་སྐབས་ཀྱི་རྒྱང་ལྟ་ཡང་ཡོད། ཚོགས་ཞུགས་པར་བསམ་བློའི་མཐོ་ཚད་དང་ལག་ལེན་གྱི་རིན་ཐང་ལྡན་པའི“གྲངས་འཛིན་གྱི་གསོལ་སྟོན”གཟབ་རྒྱས་ཤིག་བཤམས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས། ཚོགས་ཆེན་གྱི་བཀོད་སྒྲིག་འཐུས་ཚང་ལས་སྐར་མ་རེ་རེར་རིན་ཐང་ཆེན་པོ་ལྡན་ཞིང་། ཕུན་སུམ་ཚོགས་པའི་ནང་དོན་གྱིས་མཐོང་རྒྱ་ཆེ་རུ་ཕྱིན་པར་མ་ཟད། དངོས་དངོས་རྗེན་རྗེན་གྱི་མཉམ་ལས་ཀྱི་གོ་སྐབས་ཀྱང་ཐོབ་ཡོད།
གྲངས་གཞིའི་རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་གྱི་ཕན་འབྲས་ཐོན་པར་བྱ་ཆེད། ཚོགས་ཆེན་རིང་ད་དུང་2025ལོའི“གྲངས་གཞིའི་རྒྱུ་རྐྱེན་X”འགྲན་བསྡུར་ཆེན་མོའི་བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དུས་གཅིག་ཏུ་འཚོགས་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པར་མ་ཟད། གསར་གཏོད་ལ་སྐུལ་ལྕག་དང་ལག་ལེན་ལ་རྒྱབ་སྐྱོར་བྱེད་པའི་འབྱུང་ཁམས་བཟང་པོ་སྔར་བས་བཏོད་ཡོད།
“གྲངས་གཞིའི་རྒྱུ་རྐྱེན་གཙོ་བོ་X”བོད་ལྗོངས་ཡན་ལག་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་ཧོ་ཡུན་གྱིས། འགྲན་བསྡུར་ཆེན་མོའི་སྒྲིག་འཛུགས་ཨུ་ལྷན་གྱིས་ང་ཚོར་གསར་གཏོད་ཀྱི་གར་སྟེགས་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱ་དགའ་འདི་ནི་ང་ཚོའི་ལས་དོན་ལ་ཁས་ལེན་གནང་བ་ཞིག་ཡིན་ལ། དེ་བས་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན། ང་ཚོས་མུ་མཐུད་ནས་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ཀྱི་ཐོན་ལས་རིམ་སྤོར་དང་དམངས་འཚོ་ལེགས་གཏོང་གི་གྲངས་གཞི་འཚོལ་ཞིབ་བྱས་ནས། གྲངས་འཛིན་བོད་ལྗོངས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
བསམ་བློ་བརྗེ་རེས་ཕུད་ཚོགས་ཆེན་ཐོག་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད། གན་རྒྱ་འཇོག་པའི་བརྒྱུད་རིམ་ནང་། བོད་ལྗོངས་ཙེ་ཅིན་ཟོག་འགྲེམས་ཚད་ཡོད་ཀུང་སི་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་སོགས་ཁེ་ལས་12ཀྱིས་ལྷ་སའི་མཐོ་གསར་ཁུལ་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཉམ་ལས་གྲོས་མཐུན་བཞག་པ་དང་། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་30ཙམ་ཟིན་ནས། གན་རྒྱ་བཞག་མ་ཐག་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱས་མ་ཐག་ཕན་འབྲས་ཐོན་པའི་དངོས་སྒྲུབ་ཁྱད་ཆོས་མངོན་ཞིང་། ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་རྨང་གཞི་དང་ཐོན་ཁུངས་ཀྱི་འདེགས་སྐྱོར་སྔར་བས་བརྟན་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཚོགས་ཆེན་གྱི་ཡུལ་དངོས་སུ་བཀོད་སྒྲིག་བྱས་པའི་གྲངས་འཛིན་ལག་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན་གྱིས་མི་མང་པོའི་ཡིད་དབང་བཀུག་ཅིང་། གསར་གཏོད་ཐོན་རྫས་དང་ལག་རྩལ་རབ་དང་རིམ་པ་ལས་ལྟད་མོ་བས་གྲངས་འཛིན་དཔལ་འབྱོར་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་ཚོར་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་དང་བསྟུན་ནས། “གྲངས་འཛིན་ལ་བརྟེན་ནས་འབྱུང་འགྱུར་མཉམ་དུ་གཏོད་པའི”འཕེལ་རྒྱས་ཀྱི་འཆར་གཞི་ཞིག་མགྱོགས་མྱུར་སྤེལ་བཞིན་ཡོད། ལྷ་སས་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་རླབས་རྒྱུན་བསུས་ཏེ། དུས་རབས་གསར་པའི་ས་མཐོའི་གྲངས་འཛིན་རིག་ནུས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社