ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་རི་ཐ་ཉི་ཡའི་སྲིད་འཛིན་ཅ་ཚེ་ཝ་ཉིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་དབར་ཕྱི་འབྲེལ་བཙུཊ་ནས་ལོ་60སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཕྱོཊ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྟ་སྐྱོང་རོགས་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་པའི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་སྲ་བརྟན་དུ་ཕྱིན་པ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། ན་ནིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་རིང་། ང་རང་ནས་སྲིད་འཛིན་ཅ་ཚེ་ཝ་ཉི་དང་མཇལ་འཕྲད་ཞུས་པ་དང་འབྲེལ་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དང་། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུར་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པའི་འགོ་བརྩམས་ཡོད། ང་རང་གིས་ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྲིད་འཛིན་ཅ་ཚེ་ཝ་ཉི་དང་ལྷན་དུ་འབད་བརྩོན་ཞུས་ཐོག ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འཐབ་ཇུས་རོཊ་ཟླའི་འབྲེལ་བའི་གོང་འཕེལ་གྱི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་གཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས།
ཅ་ཚེ་ཝ་ཉི་ཡིས། ལོ་60ཡི་རིང་། མོ་རི་ཐ་ཉི་ཡ་དང་ཀྲུང་གོས་མཛའ་གྲོགས་བརྟན་པོ་བཙུགས་ཏེ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社