དབྱར་གཞུང་དུ་ལྷ་སའི་ལྷོ་རི་བྱང་རིར་སྔོ་ལྗང་གིས་ཡོངས་སུ་བཀླུབས་པས་ལྟ་བས་མི་ངོམ་པ་ཞིག་ཡོད། ལོ་ན་གཞོན་པའི་བུ་མོ་ཚེ་རིང་དཔལ་སྐྱིད་ཀྱི་ཁྱིམ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་རིའི་འདབས་སུ་གནས་ཤིང་།ཁོ་མོའི་ལོ་ན་ཆུང་དུས་ཀྱི་དྲན་ཤེས་ནང་དེ་གའི་རི་ནི་སྐྱ་མདོག་ཅིག་ཡིན།
ཁོ་མོ་རི་ལ་ཐེངས་དང་པོ་འཛེག་སྐབས་འདི་གར་ལྗོན་ཤིང་གཏན་ནས་འཛུགས་ཐུབ་ཀྱི་མེད་པའི་སྣང་བ་ཞིག་བྱུང་ཡོད། ཚེ་རིང་དཔལ་སྐྱིད་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ལྷག་ཙམ་ཟིན་པའི་མཛེས་ལྗོངས་སྟེགས་བུའི་ཐོག་ལངས་ནས་འཛུམ་དམུལ་དམུལ་ངང་རྒྱང་ལྟ་བྱེད་སྐབས་ཁོང་གི་མིག་ལམ་དུ་མངོན་པ་ནི་སྔོ་ལྗང་གིས་བཀླུབས་པའི་རི་བོ་དག་ཡིན།
ད་ལོ་ནི་ཁོང་ཉང་བྲན་ལུང་ཤུར་གྱི་ཡུག་ཁུལ་གཉིས་པའི་སྔོ་འགྱུར་བདག་སྐྱོང་བཟོ་པའི་འགན་འཁུར་བའི་ལོ་བཞི་པ་དེ་རེད།
2021ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་དེ་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོའི་འཛུགས་སྐྲུན་ལས་གྲྭ་ཞིག་ཡིན་པའི་ངོས་ནས་སྐྲུན་འགོ་ཚུགས་པ་དང་ལོ་10ཡི་ནང་ནགས་བཟོ་མུའུ་ཁྲི་206.72བྱ་རྩིས་ཡོད་པ་རེད། དུས་དེ་ནས་བཟུང་ཕ་ཡུལ་འདི་ཉིད་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱིས་བསྐོར་བའི་འབྱུང་ཁམས་གནས་སྡོད་ལ་འཚམ་པའི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་གྱུར་ནས་ཚེ་རིང་དཔལ་སྐྱིད་ཀྱི་འབད་བརྩོན་གྱི་དམིགས་ཚད་དུ་གྱུར་ཡོད།
ལོ་4ཡི་རིང་ཁོང་གི་ལས་ཀ་ནི་སྣ་རྐྱང་པ་ཞིག་ཡིན་ཞིང་། ས་དོང་འདྲུ་བ་དང་། ཤིང་འཛུགས་པ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社