ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་17དང་ཚེས་18ཉིན། “གྲངས་འདུས་ལྷ་ས། མཐུན་སྦྱོར་འཕེལ་རྒྱས”ཞེས་པ་གཙོ་དོན་དུ་བྱས་པའི་2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེགས་ལྷ་ས་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོགས་ཤིང་། པེ་ཅིང་དང་ལྷ་སའི་ས་གནས་གཉིས་ཀྱི་སྲིད་གཞུང་གི་འགོ་ཁྲིད་དང་། གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ། ཁེ་ལས་ཀྱི་འཐུས་མི་བཅས་ས་མཐོའི་གྲོང་ཁྱེར་དུ་འཛོམས་ནས། ཐུན་མོང་ཐོག་གྲངས་འཛིན་རིག་ནུས་ཀྱི་འབྱུང་འགྱུར་གླེང་བ་དང་། འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད་པ། མཉམ་ལས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་པ་བཅས་བྱས་ཡོད།
ད་ཐེངས་ཀྱི་གླེང་སྟེགས་ཐོག ཉིན་རེའི་ལས་རིམ་ཚགས་དམ་ལ་ལས་ཕྱོད་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། སྲིད་གཞུང་དང་། ཁེ་ལས། རིག་གཞུང་ལས་རིགས་བཅས་ཀྱི་སྐུ་མགྲོན་བརྒྱ་ལྷག་ཙམ་གྱིས་གཙོ་དོན་གཏམ་བཤད་དང་། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社