分享按钮

ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་ཐོབ་མཁན་མི་བརྒྱད་ལྷ་སར་འབྱོར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་7ཚེས་19ཉིན་གྱི་ཕྱི་དྲོར།ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ཕ་རི་སིར་རྒྱལ་ཁ་བླངས།ཨོ་རྩལ་འགྲན་ཚོགས་ཐོག་དཔའ་ཉམས་ངོམ”ཞེས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་བོད་ལྗོངས་ས་ཚིགས་ཀྱི་སྒྲོག་འགྲེལ་ལྷ་སར་སྤེལ་ཡོད།

མ་ལུང་དང་། ཀུའོ་ཆི་ཆི། ལུང་ཏའོ་དབྱི། ཁྲེན་ཆིང་ཁྲེན། ལི་ཆན། ཝང་ལིའུ་དབྱི། ཝང་ཆན་དབྱི། ཧོང་ཡུས་ཐིང་བཅས་ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་ཐོབ་མཁན་མི་བརྒྱད་ལྷ་སར་འབྱོར་བར་ལྷ་སའི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད།

“ཕ་རི་སིར་རྒྱལ་ཁ་བླངས།ཨོ་རྩལ་འགྲན་ཚོགས་ཐོག་དཔའ་ཉམས་ངོམ”ཞེས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོའི་མཇུག་བསྡུའི་ས་ཚིགས་སུ་ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་ཐོབ་མཁན་དང་བཅས་པ་ལྷ་སའི་མཐོ་སློབ་དང་། ཁེ་ལས། དམག་སྒར་བཅས་སུ་བསྐྱོད་དེ་དུས་ཡུན་ཉིན་གཉིས་ཀྱི་སྒྲོག་འགྲེལ་དང་སྤེལ་རེས་བྱས་པ་དང་འབྲེལ“ཀྲུང་གོའི་ལུས་རྩལ་བྱ་གཞག་ལ་སླར་ཡང་ལེའུ་གསར་པ་གཏོད”ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-21 6 6 拉萨日报藏文 c204548.html 1 ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་ཐོབ་མཁན་མི་བརྒྱད་ལྷ་སར་འབྱོར་བ། /enpproperty-->