分享按钮

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཟླ་དང་པོ་ནས་ལྔ་པའི་བར་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་དཔྱ་ཁྲལ་དང་གྲོན་དངུལ་ཆག་ཡང་བཏང་བ་དང་དཔྱ་ཁྲལ་ཕྱིར་སློག་པ་སྒོར་དུང་ཕྱུར་6300ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་དཔྱ་ཁྲལ་དང་གྲོན་དངུལ་ཆག་ཡང་བཏང་བ་དང་ཁྲལ་ཕྱིར་སློག་ཚད་སྒོར་དུང་ཕྱུར་6361ཟིན་ཡོད་པ་རེད།

དེའི་ནང་མཐོ་གསར་ལག་རྩལ་ཁེ་ལས་ལ་ཁྲལ་ཚད་བརྒྱ་ཆ་15བཅག་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་བ་སོགས་ལ་རྒྱབ་སྐྱོར་བྱས་ནས་མཐོ་གསར་ལག་རྩལ་ཁེ་ལས་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱིས་དཔྱ་ཁྲལ་སྒོར་དུང་ཕྱུར་1407ཆག་ཡང་བཏང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་སྣོན་རྩིས་འཕྲི་འཐེན་སོགས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་དཔྱ་ཁྲལ་གྲོན་དངུལ་ཆག་ཡང་བཏང་བ་དང་ཁྲལ་སློག་སྒོར་དུང་ཕྱུར་4158ཟིན་ཡོད།

འདི་ལོའི་ཚུན་དུ། ཁྲལ་དོན་ཚན་པས་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་དང་གྲོན་དངུལ་ཆག་ཡང་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་སྲིད་ཇུས་ཀྱི་ཁེ་སྤོགས་གནད་སྨིན་དང་མགྱོགས་མྱུར་གཉེར་སྐྱོང་གི་བྱེད་པོར་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་གྲོན་དངུལ་ཆག་ཡང་གཏོང་བའི་སྲིད་ཇུས་ཀྱི་སྐུལ་འདེད་ནུས་ལྡན་འོག་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་14.2འཕར་ནས་རྒྱལ་ཡོངས་ཀྱི་སྤྱིའི་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་དུས་མཚུངས་ལས་བརྒྱ་ཆ་10འཕར་བ་དང་། རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་བརྒྱ་ཆ་9.7འཕར་བ། གྲངས་འཛིན་དང་དངོས་ཡོད་མཉམ་འདྲེས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བཅས་བྱས་པ་རེད།

བཟོ་སྐྲུན་ལས་རིགས་ཐད་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་4.2འཕར་བ་དང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་། གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་བཅས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་9དང་། བརྒྱ་ཆ་12.1 བརྒྱ་ཆ་12.1བཅས་ཁག་སོ་སོར་འཕར་བ་དང་། ལྷག་པར་རྩིས་འཁོར་བཟོ་སྐྲུན་དང་རིག་ནུས་སྒྲིག་ཆས་བཟོ་སྐྲུན་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་21.6དང་བརྒྱ་ཆ་19.4ཁག་སོ་སོར་འཕར་ཡོད་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 6 6 拉萨日报藏文 c204121.html 1 རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཟླ་དང་པོ་ནས་ལྔ་པའི་བར་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་དཔྱ་ཁྲལ་དང་གྲོན་དངུལ་ཆག་ཡང་བཏང་བ་དང་དཔྱ་ཁྲལ་ཕྱིར་སློག་པ་སྒོར་དུང་ཕྱུར་6300ལས་བརྒལ་བ། /enpproperty-->