分享按钮

དབྱར་གྱི་ས་མཐོར་གསེར་མདོག་གི་གོས་བཟང་བཀླུབས།

དབྱར་དུས་སུ་མལ་གྲོ་གུང་དཀར་རྫོང་གི་མུའུ་ཁྲི་ཡི་པད་ཁའི་ཞིང་ལ་མེ་ཏོག་བཞད་པའི་དུས་ཚིགས་ཤར་བ་དང་། གསེར་མདོག་ཅན་གྱི་མེ་ཏོག་གི་ཞིང་ཁམས་དང་ས་མཐོའི་ཐུན་མོང་མ་ཡིན་པའི་གནམ་སྔོན་སྤྲིན་དཀར་གཉིས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་མཛེས་སྡུག་ལྡན་པའི་རང་བྱུང་གི་མཛེས་རིས་ཤིག་གྲུབ་ཡོད། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་པད་ཁ་འདེབས་ཁྱོན་ཆེ་རུ་བཏང་ནས་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་འཚོགས་ཏེ་པད་ཁའི་སྣུམ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་མ་ཟད།ཐོན་ལས་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། པར་འདི་ནི་མལ་གྲོ་གུང་དཀར་རྫོང་གི་པད་ཁའི་མེ་ཏོག་གི་རྣམ་པ་ཡིན། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 6 6 拉萨日报藏文 c204108.html 1 དབྱར་གྱི་ས་མཐོར་གསེར་མདོག་གི་གོས་བཟང་བཀླུབས། /enpproperty-->