分享按钮

ལང་ཚོའི་གཟི་བརྗིད་ཀྱི་ལེའུ་རྩོམ། ལང་ཚོའི་ཕུཊ་འདུན་མངོན་འགྱུར་བྱེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོཊ་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོཊ་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོཊ་ཀྱི་ཚོཊ་ཆེན་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གིས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་ལ་ཁ་ཕྱོཊ་སྔར་བས་གསལ་སྟོན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

ལོ་ལྔའི་རིང་།ཏང་གི་འགོ་ཁྲིད་དང་གུང་གཞོན་སྡེ་ཚོགས་ཀྱི་རོགས་རམ་དང་མཛུབ་ཁྲིད་འོག་རིམ་པ་ཁག་གི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རང་འགན་གཙང་སྒྲུབ་དང་བྱས་རྗེས་ཧུར་ཐག་བཞག་པ་དང་།རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཏང་གི་རྗེས་སུ་དམ་པོར་འབྲང་བ་དང་།འབད་འབུངས་ཡར་བརྩོན།ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་།ཀྲུང་ཧྭ་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་འགོ་ཚུགས་པའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་།རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་།གཞོན་ནུ་སློབ་མ།རྒྱ་ཆེའི་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭ་གཞོན་ནུ་ཚོར་འཚམས་འདྲི་གནང་བ་རེད།

རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཟབ་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས།རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་རེ་བ་ཆེན་པོ་བཅོལ་ཡོད།དུས་བབ་གསར་པའི་འོག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོའི་གཟི་བརྗིད་ཀྱི་ལེའུ་རྩོམ་པ་དང་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལ་གསན་པ་དང་།རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་དཔེ་སྐྲུན་ཚོགས་པའི་ཧྲང་ཧའེ་རུ་བཅའ་སྡོད་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་དབྱི་ཝང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐད་གཞོན་ནུའི་མི་རབས་ཀྱིས་འགན་འཁྲི་ཁུར་བ་དང་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་གནང་བ་དང་རེ་བ་ནན་པོ་བཏོན་ཡོད།རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་དང་འགན་འཁྲི་ལྕི་པོ་ཡོད་ཅེས་བསྟན་ཡོད།

ཁྲེན་དབྱི་ཝང་གིས་གཞོན་ནུའི་དཔེ་སྐྲུན་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།དཔེ་སྐྲུན་ཕྱིར་སྐྱོད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ།ཕྱི་ཕྱོགས་སུ་མཉམ་ལས་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པ།ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཨན་ཁུལ་གསར་མ་ཁྲང་གྲོང་རྡལ་གྱི་སུང་ལིན་གྲོང་ཚོ་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་། མེའོ་རིགས་ཀྱི་གྲོང་མིས་གྲོང་ཚོ་ཡོངས་ཀྱི་མི་འབོར་གྱི་གསུམ་ཆ་གཉིས་བཟུང་ཡོད།ཀུའེ་ཨན་ཁུལ་གསར་ཐོན་ལས་འཕེལ་རྒྱས་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིས་འདི་གར་མངགས་གཏོང་བྱས་པའི་གྲོང་སྡོད་ཧྲུའུ་ཅི་དང་པོས་ཉེ་བའི་ལོ་གཉིས་རིང་མི་རིགས་ལག་ཤེས་བཟོ་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འཕེལ་རྒྱས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་།གྲོང་ཚོ་ཨུ་ལྷན་གཉིས་ལ་ན་གཞོན་ཏང་ཡོན་བསྡུ་ལེན་ཧུར་ཐག་བྱས་ཏེ་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་ཐོན་ལས་རྨང་གཞི་དང་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོཊ་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོཊ་དང་རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོཊ་ཀྱི་ཚོཊ་ཆེན་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གིས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་ལ་ཁ་ཕྱོཊ་སྔར་བས་གསལ་སྟོན་གནང་བ། 6 6 拉萨日报藏文 c204106.html 1 ལང་ཚོའི་གཟི་བརྗིད་ཀྱི་ལེའུ་རྩོམ། ལང་ཚོའི་ཕུཊ་འདུན་མངོན་འགྱུར་བྱེད། /enpproperty-->