分享按钮

ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་3ཉིན། ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ཏེ། དུས་མཚམས་གོང་མའི་ལས་དོན་གྱི་འཕེལ་རིམ་ལ་ཕྱིར་མིག་བལྟས་པ་དང་། རྗེས་མའི་ལས་དོན་ལ་སླར་ཡང་སྐུལ་སློང་དང་། བཀོད་སྒྲིག སྐུལ་འདེད་བཅས་བྱས་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བའང་ཡིན། བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་གཏོད་བྱེད་པ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། གྲོང་ཁྱེར་གྱི་སྤུས་ཚད་གོང་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་གསོན་ཤུགས་ཆེ་རུ་གཏོང་བ། ཡུན་རིང་མི་འབོར་དོ་སྙོམས་འཕེལ་རྒྱས་འགྲོ་བའི་གལ་ཆེའི་བྱེད་ཐབས་ཤིག་དང་། བྱིས་པའི་ཁེ་དབང་འགན་སྲུང་དང་བྱིས་པ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལྡོག་མེད་ཀྱི་བླང་བྱ་ཞིག་དེ་བས་ཀྱང་ཡིན་ཞེས་གསུངས།

ཀྲའོ་ཧུའེ་ཉན་གྱིས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྱོང་བྱེད་པར། བྱིས་པ་འཕེལ་རྒྱས་གཏོང་བ་དེ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 6 6 拉萨日报藏文 c204104.html 1 ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ། /enpproperty-->