分享按钮

རང་གྲོང་གི་སློབ་གྲྭ་རིམ་པ་ཁག་གི་དབྱར་ཁའི་ གུང་གསེང་བཀོད་སྒྲིག་བྱས་པ།

ཟླ་7ཚེས་20ཉིན་དངོས་སུ་གུང་གསེང་འཇོག་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་4ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཟླ་7ཚེས་20ཉིན་ནས་བཟུང་དབྱར་གསེང་འཇོག་རྒྱུ་དང་། ཟླ་8ཚེས་9ཉིན་གུང་གསེང་མཇུག་འགྲིལ་རྒྱུ། ཟླ་8ཚེས་10ཉིན་གཅིག་གྱུར་ཐོག་སྟོན་དུས་ཀྱི་སློབ་དུས་གསར་པའི་སློབ་ཁྲིད་འགོ་འཛུགས་རྒྱུ་བཅས་རེད།

སློབ་དུས་འདིའི་སློབ་གསོ་སློབ་ཁྲིད་ཀྱི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་གོ་རིམ་ལྡན་པའི་ངང་བར་བརྒལ་ཐུབ་པའི་འགན་ལེན་བྱ་ཆེད། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་རིམ་ཁག་སློབ་གསོ་སྡེ་ཚན་དང་སློབ་གྲྭ་ཁག་ལ་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ། རྒྱལ་ཁབ་ཀྱི་སློབ་ཁྲིད་ཀྱི་ཚད་གཞི་དང་དེ་བཞིན་ཡིག་རྒྱུགས་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ་དང་། སློབ་གྲྭ་འབྲིང་ཆུང་གི་དུས་མཇུག་གི་སློབ་སྦྱོང་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་ཡག་པོ་སྒྲུབ་པ། རྒྱུགས་གཞིའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། ཚན་རིག་དང་མཐུན་པའི་ངང་བཀའ་ཚད་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་ཏུ་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་གང་ལེགས་བྱེད་དགོས་པ་དང་། དབྱར་གསེང་བཀོད་སྒྲིག་བརྡ་ཐོའི་ནང་སློབ་གྲྭ་ཁག་གིས་གུང་གསེང་གོང་ངེས་པར་དུ་ཆུར་ལྷུང་བ་དང་། འགྲིམ་འགྲུལ་ལས་འཛོལ། རང་བྱུང་གནོད་འཚེ་བཅས་སྔོན་འགོག་དང་དེ་བཞིན་མེ་ཟོན་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 ཟླ་7ཚེས་20ཉིན་དངོས་སུ་གུང་གསེང་འཇོག་རྒྱུ་ཡིན་པ། 6 6 拉萨日报藏文 c204102.html 1 རང་གྲོང་གི་སློབ་གྲྭ་རིམ་པ་ཁག་གི་དབྱར་ཁའི་ གུང་གསེང་བཀོད་སྒྲིག་བྱས་པ། /enpproperty-->