དབྱར་དུས་ཀྱི་ལྷ་སར་གླིང་ཕྲན་གཉིས་ཀྱི་ནང་ཁུལ་ཆུ་བོའི་ལྗང་མདོག་བར་ཁྱམས་སྐྱིད་ཆུའི་ངོགས་སུ་སྣུར་སྲིང་བྱས་པས། རྒྱ་ལྕང་སྟུག་པོས་ཁེངས་ཤིང་སྣ་བརྒྱའི་མེ་ཏོག་རབ་ཏུ་བཞད་ཡོད། དེ་བཞིན། སྟག་རྩེ་ཆུས་དཔལ་འབྱོར་ནགས་ཚལ་རྟེན་གཞིར་ཀུ་ཤུ་དང་སྟར་ཁ་བཏབ་པས། འབྱུང་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་ཡོད། གཞན་ཡང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་དུ་བྱེ་འཇགས་སྔོ་ཁེབས་བཙུགས་ནས། ལྗང་མདོག་འབྱུང་ཁམས་ཀྱི་སྲུང་ཡོལ་བསྐྲུན་པས། “སྔོ་ལྗང་གི་ལྷ་ས”རིམ་བཞིན་མངོན་ཡོད།
2024ལོར། ལྷ་ས་གྲོང་ཁྱེར་གྱིས་ནགས་དཔོན་ལམ་ལུགས་དེ“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ནགས་དཔོན་ལམ་ལུགས་ཀྱི་སྣེ་ཁྲིད་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ནགས་ཚལ་མང་དུ་གཏོང་བ་དང་། ནགས་ཚལ་ལ་དོ་དམ་བྱེད་པ། ནགས་ཚལ་ལ་སྲུང་སྐྱོང་བྱེད་པ། ནགས་ཚལ་སྤྱོད་པ”བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས། ལོ་ཧྲིལ་པོར་ནགས་ཚལ་མུའུ་ཁྲི་17.88གསར་བཟོ་བྱས་ཤིང་། ས་མཐོའི་འབྱུང་ཁམས་སླར་གསོའི་དཔེ་མཚོན་བཏོད་ཡོད། དེའི་གསར་གཏོད་རང་བཞིན་གྱི་ནགས་དཔོན་ལམ་ལུཊ་ཀྱི་ལས་དོན་སྤེལ་སྟངས་དེ་མཚོ་བོད་ས་མཐོའི་འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་གི་དཔེ་མཚོན་ཉམས་མྱོང་ཞིག་ཡིན་པའི་ངོས་ནས། རྒྱལ་ཡོངས་ཀྱི་ནགས་དཔོན་ལམ་ལུཊ་སྒྱུར་བཅོས་ཀྱི་དཔེ་མཚོན་ཞིག་ཏུ་བདེ་བླག་ངང་ཚུད་ཅིང་། ས་བབ་མཐོ་བའི་ས་ཁུལ་གྱི་འབྱུང་ཁམས་བཅོས་སྐྱོང་ལ“ལྷ་སའི་ཇུས་གཞི”མཁོ་འདོན་བྱས་ཡོད།
སྔོ་ལྗང་རྒྱ་ཆེར་གཏོང་བ་དང་སྔོ་ལྗང་གི་སྤུས་ཚད་མཐོ་རུ་བཏང་ནས་སྔོ་ལྗང་གི་ལྷ་ས་གཏོད་པ།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་2021ལོར་ལག་ལེན་བསྟར་འགོ་ཚུགས་ཤིང་། དེ་ནི་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་རི་ངོས་ནགས་བཟོའི་འབྱུང་ཁམས་སླར་གསོའི་ལས་གཞི་གལ་ཆེན་ཐོག་མ་དེ་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་འབྱུང་ཁམས་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན། ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ་ཁུལ་གསར། སྟོད་ལུང་བདེ་ཆེན། སྟག་རྩེ། ཆུ་ཤུར། མལ་གྲོ་གུང་དཀར། ལྷུན་གྲུབ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ། གོང་དཀར་བཅས་རྫོང(ཆུས)བཅས་དང་ཤང་གྲོང་35དང་འབྲེལ་བ་ཡོད། འཆར་འགོད་ནང་ལོ་10ཡི་དུས་ཚོད་སྤྱད་དེ། རྒྱལ་ཁབ་ས་ཆའི་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ལེགས་འགྲུབ་བྱས་ནས། “ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བ་དང་ལོ་བཅུའི་རིང་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བའི”བསམ་བཀོད་མངོན་འགྱུར་བྱས་ཐོག ལྷ་ས་འདི་ཉིད་འབྱུང་ཁམས་སྡོད་མལ་ལ་འཚམ་པའི་ས་མཐོའི་ལྟེ་བའི་གྲོང་ཁྱེར་དུ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
འཆར་འགོད་བྱས་ནས་དོན་འཁྱོལ་ཏན་ཏིག་བྱས་པ།
དྲ་ཕྱིར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་གཙོ་གནད་དུ་བྱས་པའི་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་མུ་མཐུད་ནས་སྐུལ་འདེད་བཏང་ཞིང་། ད་ཆ་རིམ་རྩིས་བྱས་ན་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་94ལྷག་ཙམ་ལེགས་གྲུབ་ཟིན་པ་དང་། ཤིང་སོན་རྐང་དུང་ཕྱུར་1.1ལྷག་ཙམ་བཙུགས་པ། སྤྱི་ཡོངས་ཀྱི་གསོན་ཚད་བརྒྱ་ཆ་85ཡན་ཟིན་པ། ས་ཚུགས་ཆ་རྐྱེན་ཅུང་ལེགས་པའི་ས་ཁོངས་ཁག་གཅིག་གི་གསོན་ཚད་བརྒྱ་ཆ་90ལྷག་ཙམ་ཟིན་པ་བཅས་བྱུང་ཡོད། ནགས་བཟོའི་ཕན་འབྲས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱི་གདེང་འཇོག་ཆེན་པོ་ཐོབ་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་དེ་རྒྱལ་ཡོངས་ཀྱི་ལས་བྱེད་པའི་ཀློག་དེབ《ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་ཀྱི་དཔེ་མཚོན》ནང་བཅུག་པ་དང་། སྐྱེ་ཁམས་ཁོར་ཡུག་པུས“འབྱུང་ཁམས་ཁོར་ཡུག་གི་ལས་གཞི་གལ་ཆེན་གྱི་ལག་བསྟར་ལ་སྐུལ་འདེད་གཏོང་བའི”དཔེ་མཚོན་དུ་སྤྱད་པ་རེད།
དྲ་ཐོག་ཏུ“ཤིང་རྐང་ངོས་འཛིན་བྱས་ནས་ལྷོ་རི་བྱང་རི་མཉམ་དུ་བསྐྲུན”ཞེས་པའི་སྤྱི་ཕན་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། “ང་ལ་བོད་དུ་ལྗོན་ཤིང་ཡོད”ཅེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པར། རིམ་རྩིས་བྱས་ན་ནགས་བཟོའི་མ་དངུལ་སྒོར་དུང་ཕྱུར་1.7ལྷག་ཙམ་རག་ཡོད། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིན་མེད་ངང་ཤིང་སོན་མཁོ་འདོན་བྱེད་པ། ལག་རྩལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ། སྔོ་འགྱུར་ནགས་བཟོའི་ནང་ཧུར་ཐག་ཞུགས་ཡོད། ན་ནིང་འོས་འགན་ཤིང་འཛུགས་བྱས་པ་བརྒྱུད། ཤིང་སོན་རྐང་ཁྲི་11.57ལྷག་ཙམ་བཙུགས་པས། དམངས་ཡོངས་ཀྱིས་ཤིང་འཛུགས་པ་དང་། སྔོ་ལྗང་ལ་དགའ་ཞེན། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་རྣམ་པ་ཟབ་མོ་མངོན་ཡོད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社