ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བའི་མཚམས་སུ་མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་སྲིད་གྲོས་ཏང་ཙུའུ་ཡིས་དུས་ཡུན་གཟའ་འཁོར་གཅིག་གི“དམངས་ཕན་སྲིད་ཇུས་གཞི་རིམ་དུ་ཁྱབ་གདལ་གཏོང་བའི”གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་བ་དང་། སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་བྱས་ནས་ཤང་དྲུག་དང་གྲོང་རྡལ་གཉིས་སུ་བསྐྱོད་དེ་བོད་རྒྱ་སྐད་གཉིས་དང་གསོན་ཉམས་ལྡན་པའི་དཔེ་མཚོན་ཐོག་ནས་མལ་གྲོ་གུང་དཀར་རྫོང་གི་དམངས་འཚོའི་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོས་མཚོན་པར་བྱས་པའི་ཁར། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་དང“དཔྱིད་རླུང་བྱ་སྤྱོད”ཀྱི་དམངས་ཕན་སྲིད་ཇུས་གཙོ་གནད་ཐོག་གསལ་འགྲེལ་བྱས་པས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社