ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་གྲོང་ཚོར་དམིགས་བསལ་གྱི་སྒོ་རྩིས་ཚོང་ཁང་ཞིག་སྒོ་ཕྱེ་རྗེས། གྲོང་མིའི་འཚོ་བར་འགྱུར་ལྡོག་ཕྱིན་པར་མ་ཟད། གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་པའང་ཐོན་ཡོད།
མཚོ་སྨད་གྲོང་ཚོར་སྐྱོད་སྐབས། གཙང་སྦྲ་དོད་པའི་གྲོང་ཚོའི་རྣམ་པ་མིག་ལམ་དུ་འཆར་གྱི་ཡོད་ཅིང་། འགྱུར་ལྡོག་དེ་ནི་གྲོང་ཚོའི་2024ལོའི་ཟླ་8པའི་ཟླ་འགོར་དངོས་སུ་སྤྱོད་འགོ་ཚུགས་པའི་སྐར་གསོག་སྒོ་རྩིས་ཚོང་ཁང་དང་ཁ་འབྲལ་ཐབས་མེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་ཚོད་ལྟའི་གྲོང་ཚོ་ཡིན་པའི་མཚོ་སྨད་གྲོང་ཚོས་སྐར་གསོག་ལམ་ལུགས་ཀྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “སྔོན་ལ་ཚོད་ལྟ་བྱེད་པ་དང་། སྐས་རིམ་བཞིན་སྐུལ་འདེད་གཏོང་བ། ས་ཁོངས་ཧྲིལ་པོར་ཁྱབ་པ”བཅས་ཀྱི་གོམ་སྟབས་གཞིར་བཟུང་། གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།
སྐར་གསོག་སྒོ་རྩིས་ཚོང་ཁང་གིས་དུད་ཚང་ཚན་པར་བྱས་ཏེ། རྒྱུན་སྡོད་གྲོང་མི་ཡོངས་ལ་ཁ་ཕྱོགས་ཤིང་། གྲོང་ཚོས་སྐར་གསོག་སྒྲིག་སྲོལ་ཞིབ་ཕྲ་བཟོས་པའི་ནང་། ཕྱོགས་5ཡི་ཐད་ཀྱི་དྲང་ཕྱོགས་གསལ་ཐོ་33དང་ཕྱོགས་5ཡི་ཐད་ཀྱི་ལྡོག་ཕྱོགས་གསལ་ཐོ་24ཚུད་ཡོད་ཅིང་། ཐོན་སྐྱེད་དང་འཚོ་བའི་ཕྱོགས་ཁག་གི་བྱ་སྤྱོད་སྐར་གསོག་དོ་དམ་ནང་འཇུག་རྒྱུ་རེད། གྲོང་མིས“སྟོད་ལུང་གི་ཉམས་འགྱུར་གསར་པའི”སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་བརྒྱུད་ཐོ་འགོད་བྱས་ཤིང་། ཟླ་རེར་དུད་སྦྲེལ་ཐེམ་དཔོན་གྱིས་དུད་ཚང་དུ་བསྐྱོད་ནས་སྐར་མ་རྒྱག་པ་དང་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་པས་བྱ་རིམ་ཆུང་གྲས་བདེ་སྤྱད་ནས་སྐར་མ་སྣོན་འཕྲི་བྱེད་ཀྱི་ཡོད་པས། སྐར་གསོག་ལ་བརྟེན་ནས་གྲོང་མིས་སྒོ་རྩིས་ཚོང་ཁང་ནས་འཚོ་བའི་མཁོ་ཆས་བརྗེ་ཐུབ་ཀྱི་ཡོད།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社