分享按钮

ལྷ་ས་གྲོང་ཁྱེར་གྱིས་མཐོ་རྒྱུགས་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་གི་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2025ལོའི་མཐོ་རྒྱུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་ཡིག་རྒྱུགས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་ཆེད། ཟླ་6ཚེས་5ཉིན།ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཞིབ་བཤེར་ལས་དོན་གྱི་ཇུས་གཞི་གཞིར་བཟུང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་ཡིས་རུ་སྣེ་ཁྲིད་དེ་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས།རང་གྲོང་གི་མཐོ་རྒྱུགས་ཀྱི་ལས་དོན་ཁག་མ་འཕྱུགས་པའི་འགན་ལེན་བྱས་པ་རེད།

ཝང་མིང་ཀྲེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་རྒྱུགས་ལེན་ལྟེ་གནས་ཀྱི་རྒྱུགས་ཤོག་གསང་སྲུང་ཁང་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c201993.html 1 ལྷ་ས་གྲོང་ཁྱེར་གྱིས་མཐོ་རྒྱུགས་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་གི་ཞིབ་བཤེར་བྱས་པ། /enpproperty-->