ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ།ཟླ་5ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་10པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2025ལོའི་ཟླ་3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་ཡིན་པ་རེད།
གསུང་རྩོམ་ནང་། ཏང་སྲོལ་གྱི་གནད་དོན་དེ་སྲིད་འཛིན་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད།སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་ཐུབ་མིན་དང་སྲིད་སྐྱོང་གི་ལས་འགན་ལེགས་འགྲུབ་ཐུབ་མིན་དང་འབྲེལ་བ་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ང་ཚོས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་དང་སྐྱོན་ཆ་སྣ་ཚོགས་ལ་ཐད་ཀར་དམིགས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱས་ནས་གནས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཐད་གང་ཞིག་དམ་འཛིན་བྱེད་དགོས་པ་དང་།ཇི་ལྟར་དམ་འཛིན་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད།དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་བྱས་པ་བརྒྱུད་སྒྲིག་ཁྲིམས་ནན་པོ་མེད་པ་དང་སྤྱོད་ཚུལ་ཡག་པོ་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་།དོ་དམ་ནན་པོ་དངོས་འབྲེལ་བྱེད་པ་དང་།དོ་དམ་ནན་པོ་བྱེད་ཕོད་པ།དོ་དམ་ནན་པོ་ཡུན་རིང་བྱེད་པ་བཅས་ཀྱི་རྣམ་པ་རྩ་བའི་ཆ་ནས་ཆགས་པ།ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་པར་གྱུར་བ།སྤྱི་སྲོལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་པ་བཅས་ལས་མི་དམངས་ཀྱི་སེམས་ནང་ཏང་གི་གཟུགས་བརྙན་སླར་ཡང་བཏོད་ཡོད་ཅེས་ནན་སྟོན་བྱས་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社