分享按钮

ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད།

ཨུ་རུ་སུའི་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཧི་དང་། ལིའུ་ཁའེ། ཅང་ཡིའུ་ལིན་བཅས་ཀྱིས།

ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་འཛིན་ཕུའུ་ཅིང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་7ཉིན་ནས་ཚེས་10ཉིན་བར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་མོ་སི་ཁོར་འཚོགས་པའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་རེད།

ཨུ་རུ་སུའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་ཉེར་ཡོད་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་བ་དང་། ལོ་རྒྱུས་ཀྱི་མཛའ་གྲོགས་རྒྱུན་མཐུད་པ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། ད་ཐེངས་ཀྱི་འཚམས་འདྲིས་ཨུ་ཀྲུང་གི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་ཡོད།

གཙོ་བདག་གིས་ཕྱི་འབྲེལ་གྱི་ཁ་ཕྱོགས་གཏན་འཁེལ་བྱས་ནས་སྣེ་ཁྲིད་བྱས་པ།

མོ་སི་ཁོ་རུ་དཔྱིད་དཔལ་རབ་ཏུ་བཞད་པ་དང་དར་ཚོན་ལྷབ་ལྷུབ་ཏུ་གཡོ། ལོ་རྒྱུས་ཀྱི་གྲོང་ཁྱེར་གྲགས་ཅན་དེས་ཀྲུང་གོའི་གྲོགས་པོ་རྙིང་པ་ཞིག་བསུ་རྒྱུའི་གྲ་སྒྲིག་བྱས་ཡོད།

ཨུ་རུ་སུའི་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཡ་ལི་ཧྲན་ཏ་·ལུའོ་མ་ནུའོ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ཚད་མཐོའི་དོ་ཁུར་གནང་ཞིང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད་ཅིང་། ཁོང་གིས་གཙོ་བདག་གི་ཕྱི་འབྲེལ་གྱིས་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས།

ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་ཨུ་རུ་སུར་འཚམས་འདྲི་གནང་ཐེངས་11པ་དེ་རེད། ལོ་10ལྷག་ཙམ་རིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུལ་དུས་མི་འདྲ་བར་ཐུག་འཕྲད་ཐེངས་40ལྷག་ཙམ་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་མཛུབ་ཁྲིད་དང་། ཐུགས་ཁུར། སྐུལ་འདེད་བཅས་ཀྱི་འོག ཀྲུང་ཨུའི་འབྲེལ་བ་གནད་སྨིན་འཐུས་ཚང་དང་། བློ་བརྟན་འགྱུར་མེད། བརྟན་ལྷིང་བཅས་བྱུང་ནས་རྒྱལ་ཁབ་གཉིས་པོས་མནའ་འབྲེལ་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་མཉམ་གནས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་མདུན་གྲལ་དུ་ལངས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་མིག་དཔེ་བཏོད་ཡོད།

ད་ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ཅིང་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཧི་དང་། ལིའུ་ཁའེ། ཅང་ཡིའུ་ལིན་བཅས་ཀྱིས། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད། 6 6 拉萨日报藏文 c200667.html 1 ཨུ་རུ་སུའི་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། /enpproperty-->