分享按钮

(པར་ངོས་དང་པོར་མཐུད)གྲྭ་ཤག་དང་། ཚོང་ཁང་།དགོན་པའི་ཚོགས་ཁང་སོགས་སུ་ཕེབས་ཏེ་དགོན་པའི་དོ་དམ་དང་འབྱུང་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན།དགོན་པའི་དོ་དམ་ཚད་ལྡན་དང་གོ་རིམ་ལྡན་པ་བྱེད་དགོས་ཤིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། འདུ་ཤེས་གསུམ་གྱི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དུ་གཏོང་དགོས་པ་དང་། རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་པ་གཅིག་མཐུན་དང་།ཁ་ཕྱོགས་གཅིག་མཐུན།ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་དགོན་པའི་དོ་དམ་ལམ་ལུགས་ཅན་དང་།ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། འབྱུང་ཁམས་སྲུང་སྐྱོང་བྱེད་པར་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་སྟེ། རྭ་སྒྲེང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དེ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་ཡིན་པའི་ངོས་ནས་མཐའ་ཚད་འཛིན་སེམས་བརྟན་པོར་བཙུགས་ཏེ།ཁྱོན་ཡོངས་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སྲུང་སྐྱོང་ཁུལ་གྱི་དོ་དམ་དང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས། རྒྱ་ཆེའི་མང་ཚོགས་ལ་སྐུལ་སློང་ཧུར་ཐག་བྱས་ནས་མཉམ་དུ་ནགས་ཚལ་གྱི་སྤྱི་གླིང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་ལྷ་སའི་རང་བྱུང་འབྱུང་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཐོན་སྐྱེད་བདེ་འཇགས་ཐད་རྒྱུན་གཏན་ནས་དམ་འཛིན་ལྷོད་མེད་བྱེད་དགོས་པ་སྟེ། ཐོན་སྐྱེད་བདེ་འཇགས་ལ་རྣམ་ཀུན་ནས་ཞིབ་བཤེར་བྱེད་པ་དང་། གཙོ་གནད་མངའ་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ། ཞིབ་བཤེར་ཏན་ཏིག་མི་བྱེད་པ་དང་འགན་འཁྲི་ནན་པོ་མི་འཁུར་བ་སོགས་ཀྱི་སྣང་ཚུལ་དེ་རིགས་མི་ཐོན་པར་བྱས་ཏེ།ལས་ཀ་ཧ་རེ་ཧུ་རེ་མི་བྱེད་པ་དང་ཁུག་ཆ་མི་ལུས་པའི་འགན་ལེན་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྲེལ་ཐག་ཡོངས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་པ། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྐལ་བཟང་ཚེ་བརྟན་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-02 6 6 拉萨日报藏文 c200475.html 1 /enpproperty-->