分享按钮

ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག དུས་ཚིགས་དང་པོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ཐད་གསན་པ་དང་། དཔལ་འབྱོར་སྲིད་ཇུས་ལ་སྐུལ་འདེད་གཏོང་བ་དང་འཛུགས་སྐྲུན་གད་སྙིགས་ཀྱི་བཙོག་སྐྱོན་འགོག་བཅོས་སོཊ་ཀྱི་དོན་དག་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གཙོ་གནད་ལས་དོན་བརྟན་པོ་བྱུང་ན་ཁྱོན་ཡོངས་བརྟན་པོ་ཡོང་ངེས་ཡིན་པས། སེམས་ཤུགས་བརྟན་ཤོས་ཀྱི་ཐོག་ནས་དུས་ཚིགས་གཉིས་པར་འབད་བརྩོན་བྱས་ཏེ། དུས་ཚོད་དང་ལས་འགན་གཉིས་ཀ་ཕྱེད་ཡན་ཟིན་པའི་དམིགས་ཚད་ལ་འགན་ལེན་བྱེད་དགོས། གནད་སྨིན་ཇུས་འདོན་དང་། ཆད་སྐྱོན་དང་ཞན་ཆ་འཚོལ་ཞིབ་གནད་འཁེལ་བྱེད་པ། དམིགས་འབེན་ཡོད་པའི་སྒོ་ནས་མདའ་འཕེན་པའི་བྱ་ཐབས་སྤྱད་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་སྣོན་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 6 6 拉萨日报藏文 c199973.html 1 ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->