(པར་ངོས་དང་པོར་མཐུད)གུས་འདུད་ཞུས་པ་རེད། ཝང་ཆང་གིས་མདུན་དུ་བསྐྱོད་ནས་མེ་ཏོག་སི་རའི་ཐག་པ་བཟོས་པ་དང་ཏང་ཡོན་ཚོས་རིམ་བཞིན་དམག་དཔོན་ཐན་ཀོན་སན་གྱི་བང་སོར་མེ་ཏོག་ཕུལ་ནས་མྱ་ངན་ཞུས་པ་རེད། དེ་རྗེས་ཚང་མས་ཐན་ཀོན་སན་དྲན་གསོ་ཁང་གི་འགྲེམས་ཁང་དུ་ལྟ་སྐོར་བྱས་ཤིང་། འགྲེམས་ཁང་ནང་གི་རྩ་ཆེའི་པར་རིས་དང་། དཔྱད་གཞི། དངོས་པོ་བཅས་ལས་དམག་དཔོན་ཐན་ཀོན་སན་གྱིས་གསར་བརྗེའི་བྱ་གཞག་ཆེད་འབད་འཐབ་གནང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་གསོན་ཉམས་དོད་པོས་མངོན་ཡོད། ལྟ་སྐོར་བྱེད་རིང་།ཏང་ཡོན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་ནས་གསར་བརྗེའི་སྔོན་བྱོན་པ་ཚོའི་དད་སེམས་བརྟན་པོ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། ཞུམ་མེད་ངང་འཐབ་རྩོད་བྱེད་པའི་བློ་སྟོབས་བཅས་ལ་མྱོང་རོལ་ཐུབ་པར་བྱུང་ཡོད།
ཝང་ཆང་གིས་མཛུབ་སྟོན་གནང་དོན།ང་ཚོས་དམག་དཔོན་གྱི་བང་སོ་མཇལ་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་ནི་སྔོན་བྱོན་པའི་ཕུགས་རེ་རྒྱུན་འཛིན་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་འཕེལ་བཏང་ནས།ཁོང་ཚོས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བཏོད་པའི་ལམ་བུའི་ཐོག་ང་ཚོས་མུ་མཐུད་དེ་འབད་འཐབ་དང་གསར་འབྱེད་མདུན་སྐྱོད་བྱ་ཆེད་རེད། ང་ཚོས་དམག་དཔོན་གྱི་ཡིད་ལ་གནམ་འོག་འཆང་བའི་བསམ་བློ་དང་། དཀའ་ཉེན་ལ་མི་སྐྲག་པའི་སྙིང་སྟོབས། མི་དམངས་ལ་བཅངས་བའི་བརྩེ་སེམས་བཅས་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས།“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ།“གདོང་དམག་བདུན”ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ལྷ་ས་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ས་མཐོའི་འཚོ་སྡོད་ལ་འཚམ་པའི་འབྱུང་ཁམས་གྲོང་ཁྱེར་ཧུར་ཐག་བཏོད་དེ།མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་བསྐངས་ནས།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་།སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社