分享按钮

འགན་འཁྲི་ལག་ལེན་དུ་བསྟར། ཕུགས་འདུན་མངོན་འགྱུར་བྱེད།

ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་འདི་ཉིད་ལྷ་ས་དགེ་འོས་སློབ་གླིང་དུ་བསྒྱུར་པ།

ཞོགས་པའི་ཆུ་ཚོད་བདུན་པར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མའི་ཉལ་ཁང་དུ་ད་དུང་སྨག་རུམ་གྱི་ཡོལ་བ་སངས་མེད་མོད།འོན་ཀྱང་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཚེ་རིང་སྒྲོལ་མ་སྔ་ས་ནས་མལ་ལས་ལངས་ནས་དལ་བུར་གློག་སྒྲོན་སྤར་ཞིང་། ཅོག་ཙེའི་ཐོག་སློབ་དེབ་དང་ཟིན་བྲིས་དེབ་བསྒྲིགས་ཡོད་པ་དང་། ཟིན་བྲིས་དེབ་ཀྱི་ཐོག་ཏུ་ཆེད་ཚན་སློབ་གྲྭ་ནས་དངོས་གཞིའི་ཚན་ཁག་ཏུ་རིམ་པ་སྤོར་བའི་རྒྱུགས་གཞིའི་བསྐྱར་སྦྱོང་གི་གཙོ་གནད་བཀོད་ཡོད། དེའི་ནང་གི་རྒྱུན་འཁྱོངས་བྱས་ནས་དངོས་གཞིའི་ཚན་ཁག་གི་ཕུགས་འདུན་མངོན་འགྱུར་བྱེད་ཅེས་པའི་ཡིག་ཕྲེང་ལ་སྨྱུ་གུ་དམར་པོས་རྟགས་བརྒྱབ་ཡོད། ཡིག་ཕྲེང་དེ་དག་སློབ་ཆེན་ལོ་རིམ་དང་པོའི་སྐབས་བྲིས་པ་ཞིག་ཡིན། ད་ཆ་སློབ་གསོ་པུས་ལྷ་ས་དགེ་འོས་སློབ་གླིང་འཛུགས་རྒྱུའི་མཆན་འགོད་བཀའ་ལན་དངོས་སུ་གནང་བ་དང་འབྲེལ་ཁག་དང་པོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་6འཛུགས་རྒྱུའི་ཆོག་མཆན་ཐོབ་པས་ཁོང་གི་ཕུགས་འདུན་ལ་སྐྱ་རེངས་ཀྱི་འོད་མདངས་འཕྲོས།

འཛིན་གྲྭའི་ཚོགས་པའི་ནང་བརྡ་ཐོ་འདི་འབྱོར་སྐབས་ངའི་ལག་པ་འདར་བཞིན་འདུག་ཅེས་ཚེ་རིང་སྒྲོལ་མས་སྐབས་དེ་དུས་ཀྱི་སེམས་འགུལ་ཐེབས་པའི་རྣམ་པར་ཕྱིར་དྲན་བྱས། དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ཁག་དང་པོའི་ནང་གི་རྒྱའི་སྐད་ཡིག་རྩོམ་རིག་ནི་ཁོང་གི་རྒྱུགས་སྤྲོད་ཀྱི་ཁ་ཕྱོགས་རེད། ནག་ཆུའི་འབྲོག་ཁུལ་གྱི་བུ་མོ་དེས་ངའི་ཨ་ཕས་རྟག་ཏུ་ཤེས་བྱ་ནི་རྒྱུ་ནོམ་པ་གང་གིས་ཀྱང་བསླུ་ཐབས་བྲལ་བའི་རིན་ཆེན་ནོར་བུ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། ད་ཆ་ངས་སྐད་ཆ་དེའི་གོ་དོན་ཡོངས་སུ་རྟོགས་སོང་། ངས་གོ་སྐབས་འདིར་དམ་འཛིན་བྱེད་ངེས་ཡིན་ཞེས་བཤད། ཁོང་གིས་ཨ་ཕས་སྤྲད་པའི་Uསྡེར་ནང་ཆེད་ཚན་སློབ་གྲྭ་ནས་དངོས་གཞིའི་ཚན་ཁག་ལ་རྒྱུགས་སྤྲོད་པར་གྲ་སྒྲིག་བྱས་པའི་སློབ་ཁྲིད་ཀྱི་བརྙན་ལམ་78བླུཊ་ཡོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-06 ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་འདི་ཉིད་ལྷ་ས་དགེ་འོས་སློབ་གླིང་དུ་བསྒྱུར་པ། 6 6 拉萨日报藏文 c199342.html 1 འགན་འཁྲི་ལག་ལེན་དུ་བསྟར། ཕུགས་འདུན་མངོན་འགྱུར་བྱེད། /enpproperty-->