分享按钮

《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད(2021ནས་2035ལོའི་བར)》ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་2ཉིན། ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད(2021ནས་2035ལོའི་བར)ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོཊ་འདུ་འཚོགས་ཤིང་། གྲོང་སྤྱི་གཞོན་པ་བློ་གསལ་གྱིས《འཆར་འགོད》ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད(2021ནས་2035ལོའི་བར)》ལ་2025ལོའི་ཟླ་1ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་ཐོབ་པ་རེད། 《འཆར་འགོད》ནང་ལྷ་སའི་གྲོང་ཁྱེར་གྱི་ངོ་བོ་དང་བྱེད་ནུས་གཙོ་བོའི་ཚུགས་གནས་གཏན་འཁེལ་ཁ་གསལ་བཟོས་ཡོད་པ་སྟེ། ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར། རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་གྲོང་ཁྱེར་བཅས་ཡིན། 《འཆར་འགོད》ནང་རང་གྲོང་གི་བར་སྟོང་ཐོན་ཁུངས་ཀྱི་སྐྱེས་སྟོབས་ཐད།ཐོན་ཁུངས་ཁོར་ཡུག་གི་ཐེག་ཤུགས་དང་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་གྱི་འོས་འཚམ་རང་བཞིན་ལ་གདེང་འཇོག་བྱེད་པ་ཟུང་འབྲེལ་བྱས་ནས་དབྱེ་མཚམས་གསུམ་གཅིག་གྱུར་འཆར་འགོད་བྱས་ཡོད།《འཆར་འགོད》ནང་ད་དུང་རང་གྲོང་གི་རང་བྱུང་ས་ཁམས་ཆགས་སྟངས་ལ་གཞིགས་ནས་དབྱེ་མཚམས་གསུམ་དང་བྱེད་ནུས་ཁུལ་གཙོ་བོ་རྨང་གཞིར་བྱས་ཏེ། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་སྲུང་བ་དང་རྒྱུད་གསུམ་གཅིག་བསྡུས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་སྤྱིའི་བཀོད་པ་ཞིག་ཤིག་ཆཊ་ཡོད། གྲོང་ཁོངས་ཀྱི་རིམ་ངོས་ལ《འཆར་འགོད》ནང་ས་ཁོངས་ཀྱི་མཐུན་སྦྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་འཛུགས་པ། ལྷ་སའི་སྐྱིད་ཆུའི་ལྷོ་ཁུལ་ཀྱི་བྱེད་ནུས་མཉམ་འདུས་དང་ཚགས་དམ་པའི་བཀོད་པར་སྐུལ་འདེད་གཏོང་བ། རྫོང་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་གཏོང་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པ་སོཊ་འདུས་ཡོད། 《འཆར་འགོད》ནང་ད་དུང་གངས་ལྗོངས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་དང་། བློ་སེམས་གཅིག་དང་། གྲོང་ཁྱེར་གསུམ། སྒོ་བཞི་བཅས་ཕན་ཚུན་སྦྲེལ་བའི་གྲོང་ཁོངས་ཀྱི་གྲོང་དང་གྲོང་རྡལ་གྱི་བར་སྟོང་གི་རྣམ་པ་གསར་པ་འཛུགས་རྒྱུ་བཏོན་ཡོད་པ་རེད། དེའི་ཐད་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཅ་ཀྲི་ཅེ་ཡིས་ཀྱང་གསལ་འགྲེལ་ཞིབ་ཕྲ་གནང་བ་སྟེ།

གངས་ལྗོངས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱ་རྒྱུའི་ཐད། ཅ་ཀྲི་ཅེ་ཡིས་ང་ཚོས་ཕྱིས་འབྱུང་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞབས་ཞུའི་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། གྲོང་ཁྱེར་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ནང་འགྲོ་ལམ་སྒྱུར་བཀོད་དང་། འགྲིམ་འགྲུལ་འཛུགས་སྐྲུན། དེ་བཞིན་བར་སྟོང་སྒྱུར་བཅོས། གྲོང་ཁྱེར་གྱི་སྤྱི་གླིང་འཛུགས་སྐྲུན་སོགས་ཚུད་པའི་ཁོར་ཡུག་ལེགས་སུ་བཏང་བ་བརྒྱུད་ནས་ཡུལ་སྐོར་འཕེལ་རྒྱས་ལ་བར་སྟོང་དེ་བས་ལེགས་པ་མཁོ་འདོན་བྱས་ཏེ་ཡུལ་སྐོར་བ་ལྷ་སར་དེ་བས་སྐྱིད་སྣང་དོད་པོ་ཡོང་བར་བྱ་རྒྱུ་ཡིན། 《འཆར་འགོད》ལག་བསྟར་བྱས་པ་དང་བསྟུན་ནས་ང་ཚོའི་གྲོང་ཁྱེར་སྔར་བས་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་སྔར་བས་ལེགས་པ། མི་ཆོས་ཁོར་ཡུག་སྲུང་སྐྱོབ་སྔར་བས་ནུས་ལྡན་བཅས་ཡོང་རྒྱུ་རེད་ཅེས་བཤད་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 6 6 拉萨日报藏文 c198953.html 1 《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད(2021ནས་2035ལོའི་བར)》ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། /enpproperty-->