分享按钮

དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་།

ལྷ་སའི་དཔྱིད་དཔལ་ལ་མྱོང་རོལ་བྱེད།

དྭངས་གསལ་དུས་ཚིགས་ནི་ཀྲུང་ཧྭ་མི་རིགས་ཀྱིས་མེས་པོ་རྣམས་ལ་དྲན་གསོ་དང་མྱ་ངན་ཞུ་བའི་སྲོལ་རྒྱུན་གྱི་དུས་ཚིགས་ཤིག་ཡིན་ལ། དཔྱིད་དུས་སུ་ཡུལ་སྐོར་བྱེད་པའི་དུས་ཚིགས་ཡག་པོ་ཞིག་ཀྱང་ཡིན།

དྭངས་གསལ་དུས་ཚིགས་སླེབས་པ་དང་བསྟུན་ནས། ལྷ་སའི་རིག་གནས་ཡུལ་སྐོར་བྱ་ཡུལ་གྱིས་ཐོན་རྫས་ཕུན་སུམ་ཚོགས་པོ་མཁོ་སྤྲོད་བྱས་ཤིང་། གསར་བརྗེར་སློབ་སྦྱོང་དང་། མཛེས་པའི་མེ་ཏོག་ལ་ལྟ་བ། དམངས་སྲོལ་ལ་ཉམས་ལེན་བྱེད་པ། རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་སྒོ་སོགས་ཀྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དཔྱིད་ཀྱི་མཛེས་སྡུག་མྱོང་རོལ་བྱེད་དུ་བཅུག་ཡོད།

① པར་འདི་ནི་མེ་ཏོག་གསེང་གི་ཕོ་བྲང་པོ་ཏ་ལའི་རྣམ་པ་ཡིན།

② པར་འདི་ནི་ཡུལ་སྐོར་བས་ལྷོ་རིའི་སྤྱི་གླིང་གི་རྦབ་ཆུའི་འགྲམ་དུ་ངལ་གསོ་རྒྱག་བཞིན་པའི་རྣམ་པ་ཡིན།

③ པར་འདི་ནི་ཕ་བོང་ཁ་རུ་ཁམ་བུའི་མེ་ཏོག་ལྷུག་པོར་བཞད་པའི་རྣམ་པ་ཡིན།

④ པར་འདི་ནི་ཡུལ་སྐོར་བ་རྣམས་ཕ་བོང་ཁ་རུ་དྲན་རྟེན་པར་རྒྱག་བཞིན་པའི་རྣམ་པ་ཡིན།

⑤ པར་འདི་ནི་གནའ་བོའི་ཁམ་སྡོང་དང་བོད་ལུགས་ཀྱི་བཟོ་སྐྲུན་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཉམས་བཟང་མངོན་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-05 དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། 6 6 拉萨日报藏文 c198950.html 1 ལྷ་སའི་དཔྱིད་དཔལ་ལ་མྱོང་རོལ་བྱེད། /enpproperty-->