分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་བརྟག་ཞིབ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་3ཚེས་24ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་ཕེབས་ནས་སློབ་གཉེར་དང་དེ་བཞིན་ལག་རྩེད་སྤོ་ལོ་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།ཁོང་གིས་ནན་གསུངས་གནང་དོན།དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་ལས་དོན་སྒྲུབ་པར་ལོ་ཆུང་གདོང་ལེན་རུ་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་རྒྱང་རིང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་ཁྲིད་སྟོན་དང་།ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་བར་བྱེད་དགོས།

བརྟག་ཞིབ་གནང་རིང་།ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་གཞོན་ནུ་ལོ་ཆུང་གི་སློབ་གསོའི་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་རེད། ཁོང་གིས་མཛུབ་སྟོན་གནང་དོན།ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་གཉེར་བྱས་ནས་ལོ་45སོང་ཡོད་ཅིང་། ལོ་དེ་དག་གི་རིང་ལྟེ་གནས་ཀྱིས་ཐོག་མཐའ་བར་གསུམ་དུ“ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ”དམིགས་འབེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཚན་སློབ་ཁྲིད་བྱས་ཤིང་།རང་གྲོང་གི་གཞོན་ནུ་ལོ་ཆུང་ཁྱོན་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད།

ཀྲའོ་ཧུའེ་ཉན་གྱིས་མཛུབ་སྟོན་གནང་དོན།“གཞོན་ནུ་དར་ན་རྒྱལ་ཁབ་དར་བ་དང་། གཞོན་ནུ་ཡར་ཐོན་བྱུང་ཚེ་རྒྱལ་ཁབ་ཡར་ཐོན་ཡོང་སྲིད”ཅེས་པ་ལྟར། གཞོན་ནུ་ལོ་ཆུང་གི་བསམ་བློའི་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དང་ལག་ལེན་བྱེད་སྒོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་རྒྱང་རིང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-27 6 6 拉萨日报藏文 c198627.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་བརྟག་ཞིབ་གནང་བ། /enpproperty-->